འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་34920ཟིན་ནས་དུས་མཚུངས་ལས་11.6%འཕར་ཡོད།
མཉེན་ཆས་ལས་རིགས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་3894ཟིན་ནས་དུས་མཚུངས་ལས་1.0%འཕར་བ་དང་མཉེན་ཆས་ལས་སྒོ་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་156.0ཟིན་ནས་དུས་མཚུངས་ལས་12.7%འཕར་བས་ལས་རིགས་འཁོར་སྐྱོད་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་ཞིང་། དུས་ཚིགས་དང་པོར་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་7915ཟིན་ཏེ་དུས་མཚུངས་ལས་8.5%འཕར་ནས་ལས་རིགས་ཡོངས་ཀྱི་ཡོང་འབབ་བསྡུར་ཚད་ཀྱི་22.7%བཟུང་ཡོད། དེའི་ནང་རྨང་གཞིའི་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་453ཟིན་ནས་དུས་མཚུངས་ལས་8.3%འཕར་བ་དང་། བཟོ་ལས་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་727ཟིན་ནས་དུས་མཚུངས་ལས་6.8%འཕར་ཡོད།