ཉེ་ཆར། དུས་ཡུན་ཉིན་5རིང་གི་བོད་ལྗོངས་ཡོངས་ཀྱི་རྟེན་མཛོད་ཁང་གི་ཀོན་ཀྲང་གསོ་སྦྱོང་འཛིན་གྲྭ་མཇུག་འགྲིལ་ཞིང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་དང་། བོད་ལྗོངས་རྟེན་མཛོད་ཁང་། བོད་ལྗོངས་གཡག་རྟེན་མཛོད་གླིང་། ལྷ་མོའི་རྟེན་མཛོད་ཁང་། ཐན་ཀོན་སན་དྲན་གསོ་ཁང་། དེ་བཞིན་གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས་སོགས་ས་ཁུལ་དང་གྲོང་ཁྱེར་དང་རྫོང་རིམ་པའི་རྟེན་མཛོད་ཁང་གི་ཀོན་ཀྲང་20དང་། དེ་བཞིན་ལས་སྒོའི་རྐང་འཛིན་པ་30ཙམ་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།