《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

དཀའ་སྡུག་དང་ཚེ་སྲོག་གསར་པ། ངག་དབང་སྒྲོལ་མ།

འདི་ནི་ངག་དབང་སྒྲོལ་མ(དཀྱིལ)དང་ནང་མིའི་མཉམ་པར་ཡིན་པ།

འདི་ནི་བགྲེས་སོང་ངག་དབང་སྒྲོལ་མ་ཡིན་པ།

ད་ལོ་ལོ་82ལ་སླེབས་པའི་ངག་དབང་སྒྲོལ་མ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་སྐྱེད་པ་གྲོང་ཚོ་ནས་ཡིན་ཞིང་། སྔར་སོང་སྐོར་གླེང་སྐབས་བགྲེས་སོང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན། “ཚེ་འདིར་སྤྱི་ཚོགས་རྙིང་པའི་སྡུག་བསྔལ་ཚད་མེད་མྱངས་རྗེས་གཞི་ནས་ད་ཆའི་འཚོ་བ་ཡག་པོ་གསེར་ལས་རྩ་ཆེ་བ་ཞིག་ཡིན་པ་ཤེས་བྱུང”ཞེས་བརྗོད། ད་ཆ་ཁོང་གིས་སྤྱི་ཚོགས་རྙིང་པའི་སྡུག་བསྔལ་མ་བརྗེད་པར་དུས་རབས་གསར་པའི་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་མཆིས།

ངག་དབང་སྒྲོལ་མ་ཆུང་བྱིས་པའི་དུས་ནས་ཁྲལ་འུ་ལག་རྒྱུག་སྟེ་ཞིང་བྲན་བདག་པོའི་བྲན་གཡོག་ལ་གྱུར། བོད་རྙིང་པར། ངག་དབང་སྒྲོལ་མའི་ཉིན་རེའི་ངལ་རྩོལ་གཙོ་བོ་ནི་ཕྱུགས་འཚོ་རྒྱུ་དེ་ཡིན་ཞིང་། ལོ་ཧྲིལ་པོར་ངལ་ལས་བྱེད་རིང་རྐང་རྗེན་མར་ཡར་རྒྱུག་མར་རྒྱུག་བྱེད་དགོས་པ་དང་། རྐང་མཐིལ་ལ་སེར་ཁ་གས་ཀྱང་ངལ་གསོ་ཕྲན་ཙམ་ཡང་རྒྱག་ཕོད་ཀྱི་མེད། ནང་མི་ཚང་མས་ཉིན་གང་དཀའ་ལས་ཚད་མེད་བརྒྱབ་ནས་ངལ་རྩོལ་བྱས་ཀྱང་ཐོབ་ཆ་འབྲུ་བྲེ་ཆུང་གཅིག་ལས་མེད་པས། ནང་མི་ཚང་མ་ལོ་ཧྲིལ་པོར་གྲོད་པ་རྒྱགས་ཕྱེད་ལྟོགས་ཕྱེད་དང་ལྷན་པ་མང་པོ་བརྒྱབ་པའི་གྱོན་ཆས་གྱོན་རྒྱུ་ལས་མ་འདས་པས། གྱོན་ཆས་གསར་པ་ཞིག་གྱོན་རྒྱུ་ནི་ཁོང་གི་ངོས་ནས་བརྗོད་ན་སྟོང་བསམ་རང་རེད།

“ད་ཆ་འཚོ་བ་སྐྱིད་པོ་འདི་འདྲ་སྐྱེལ་རྒྱུ་བྱུང་བས་སེམས་ནང་བཀའ་དྲིན་ཆེན་པོ་ཚོར་གྱི་འདུག”ཅེས་ངག་དབང་སྒྲོལ་མས་ད་ཆའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ལ་སྙིང་དབུས་ནས་བསྔགས་བརྗོད་ཆེན་པོ་བྱེད་བཞིན་དུ་བརྗོད། ད་ཆའི་འཚོ་བ་བློ་བདེ་བག་ཕེབས་དང་། ལྟོ་གོས་ལ་སེམས་ཁྲལ་གང་ཡང་མེད་པས། འཁྱགས་ལྟོགས་ཀྱིས་མནར་མི་དགོས་ལ་གཞན་གྱི་བརྙས་བཅོས་ཀྱང་གཟེད་དགོས་མེད། འདི་ནི་སྤྱི་ཚོགས་རྙིང་པར་བསམ་མི་ཕོད་པ་ཞིག་རེད། བགྲེས་སོང་གིས་རང་ཉིད་ལོ་ན་རྒས་པ་མ་གཏོགས། གལ་ཏེ་ལོ་ཁ་ཤས་ཆུང་དུ་ཕྱིན་ཚེ་འཛུགས་སྐྲུན་ལ་ཞུགས་པ་དང་འབད་འཐབ་ཧུར་ཐག་བྱས་ཏེ། ཕ་ཡུལ་གྱི་འཕེལ་རྒྱས་ལ་ནུས་ཤུགས་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།