《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་སྨྱན་སྦྱོར་གྱི་བརྡ་གཏོང་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ།

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཨ་སི་ཐ་ན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་སྨྱན་སྦྱོར་གྱི་བརྡ་གཏོང་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་ཤིང་། ཧ་སག་སི་ཐན་གསར་འགྱུར་ཁང་དང་། 《བདེན་དོན་ཚགས་པར》 ཧ་པར་བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་ཚན་པ་30ལྷག་ཙམ་ཞུགས་ཡོད་པ་རེད།

ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧན་ཁྲུན་ལིན་གྱིས་ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕེལ་རྒྱས་གྲུབ་འབྲས་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་གཙོ་བོ། དེ་བཞིན་འཐབ་ཇུས་ལས་འགན་གལ་ཆེན་བཅས་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་འབྲེལ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་སྒུལ་ནུས་གསར་པ་དེ་བས་མང་བ་སྣོན་པ་དང་གོ་སྐབས་གསར་པ་སྔར་བས་མང་བ་བསྐྲུན་ངེས་ཡིན། ཀྲུང་གོས་སྔར་རྒྱུན་བཞིན་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་ཧུར་ཐག་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྔར་བས་ཤུགས་སྣོན་རྒྱག་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི“རྫོགས་ལྡན་གྱི་ལོ་ངོ་སུམ་ཅུ”གསར་པ་མཉམ་དུ་གཏོད་འདོད་ཡོད་ཅེས་བརྗོད་པ་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)