《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

པར་རིས་གསར་འགྱུར།

ཟླ་3ཚེས་26ཉིན། དབྱི་ཐ་ལིའི་ཧྥུའུ་ཨེར་ཐེ་ཀྲ་ལྕགས་ལམ་རྣམ་གྲངས་ཀྱི་ལས་ལ་ཞུགས་ཉེར་ཡོད་པའི་རང་རྒྱལ་ནས་བཟོས་པའི་སྔོག་འདྲུ་འཕྲུལ་འཁོར་ཆེ་གྲས་བཟོས་ཟིན་པ་དང་། སྔོག་འདྲུ་འཕྲུལ་འཁོར་དེར་མདོང་ལེབ་རང་འགུལ་འདེགས་འདྲེན་དང་སྒུལ་ཤུགས་རང་འགུལ་ཚོད་འཛིན་དོ་དམ་ལ་སོགས་པའི་སྔོན་ཐོན་ལག་རྩལ་མང་པོ་ལྡན་ཡོད། འདི་ནི་ཉེ་ཆར་ལྕགས་ལམ་འཛུགས་སྐྲུན་ལྕི་བའི་བཟོ་ལས་ཁྲང་ཧྲ་ཐོན་ལས་གླིང་གཉིས་པར་ལག་རྩལ་པས་དབྱི་ཐ་ལིར་ཕྱིར་གཏོང་བྱ་རྒྱུའི་ལྕགས་ལམ་རྣམ་གྲངས་སུ་སྤྱོད་རྒྱུའི་སྔོག་འདྲུ་འཕྲུལ་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།

ཟླ་3ཚེས་28ཉིན། རང་རྒྱལ་གྱིས་བཟོས་པའི་རླུང་གློག་སྒྲིག་ཆས་ཆ་ཚང་7ཧྲན་ཏུང་གྲུ་ཁ་གཡན་ཐའེ་གྲུ་ཁའི་ཕེང་ལའེ་གྲུ་ཁ་ཁུལ་དུ་གྲུ་གཟིངས་ནང་བླུགས་པ་དང་འབྲེལ། ཨོ་སི་ཁྲུ་རི་ཡར་གཏོང་འགོ་ཚུགས་པ་རེད། ཀྲུང་གོའི་རླུང་གློག་ཁེ་ལས་ཀྱིས་ཡོ་རོབ་ཀྱི་ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་བ་དང་བསྟུན་ནས། མིག་སྔར་གཡན་ཐའེ་གྲུ་ཁས་ཆ་སྙོམས་ཟླ་རེར་ཡོ་རོབ་ཏུ་རླུང་གློག་སྒྲིག་ཆས་བླུགས་པའི་གྲུ་གཟིངས་གཏོང་ཐེངས་གཉིས་ཟིན་གྱི་ཡོད། འདི་ནི་ཟླ་3ཚེས་28ཉིན། ཨོ་སི་ཁྲུ་རི་ཡར་ཕྱིར་གཏོང་བྱ་རྒྱུའི་རླུང་གློག་སྒྲིག་ཆས་གྲུ་གཟིངས་ནང་བླུགས་བཞིན་པ།