ཟླ་3ཚེས་29ཉིན། ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧྲའན་ཤིས་དུམ་བུར་མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟ་དངོས་སུ་བྱེད་འགོ་ཚུགས་ཡོད། ཟླ་3ཚེས་24ཉིན། ཧུའུ་པེའི་དུམ་བུར་མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟ་བྱེད་འགོ་ཚུགས་པ་རེད། དེས་ན་ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲིལ་པོ་སྙོམས་སྒྲིག་ཚོད་ལྟའི་དུས་མཚམས་སུ་སླེབས་པ་དང་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་པའི་ལུགས་ལྡོག་གྲངས་རྩིས་སུ་སླེབས་ཡོད། འདི་ནི་ཟླ་3ཚེས་29ཉིན། ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པས་སྐྲུན་འགན་འཁུར་བའི་ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ནན་ཆིན་ཧོ་གཙང་པོའི་ཟམ་པ་ཆེ་ཤོས་ཐོག་ཞིབ་དཔྱད་ཚད་ལེན་མེ་འཁོར་སྐྱོད་བཞིན་པ།