འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཆུ་བེད་པུའུ་ཡིས་ཆུ་བོ་དང་མཚེའུ་ཆུ་མཛོད་བཅས་ཀྱི“ཟང་ཟིང་བཞི་གཙང་སེལ”གྱི་དཔེ་མཚོན་གྱོད་གཞི་8ཡོངས་བསྒྲགས་བྱས་པའི་ནང་། གྱོད་གཞིར་བརྟེན་ནས་ཁྲིམས་ལུགས་ལ་འགྲེལ་བཤད་དང་གྱོད་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་ཀྱིས་ས་གནས་ཁག་གིས་ཆུ་བོ་དང་མཚེའུ་ཆུ་མཛོད་གང་བྱུང་བཟུང་སྔོག་སྤུང་སྐྲུན་སོགས་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ཐོན་པར་གཏན་འགོག་བྱས་ནས་རྒྱལ་ཁབ་ཀྱི་ཆུའི་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་ཞིག་ཏན་ཏིག་སྐྲུན་དགོས་ཚུལ་བསྟན་ཡོད།
ད་རེས་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱི་གྱོད་གཞི་བརྒྱད་པོ་དེ་དག་ཆུ་བོའི་འབབ་རྒྱུད་མང་པོ་དང་། རིགས་སྣ་ཚོགས་དང་འབྲེལ་ཡོད། དེ་དག་ནི་ཀོང་ཏུང་ཧྲའོ་ཀོན་གྲོང་ཁྱེར་ལུང་ཀྲོའུ་གླིང་ཕྲན་གྱི་ས་ཁང་བདག་ཁོངས་ཀྱིས་གཏན་འབེབས་ལས་འགལ་ནས་པེ་ཅང་གཙང་པོའི་ཆུ་ལམ་བཟུང་བའི་གྱོད་གཞི་དང་། ཧོ་པེ་ཧྲི་ཅ་ཀྲོང་གསོ་རིག་ཆེད་ཚན་སློབ་གྲྭས་གཏན་འབེབས་ལས་འགལ་ནས་ཧུའུ་ཐུའོ་གཙང་པོའི་ཆུ་ལམ་བཟུང་བའི་གྱོད་གཞི། ཧུའུ་པེ་ཅིང་ཀྲོའུ་གྲོང་ཁྱེར་ཞུའེ་ཐང་ཀྲོའུ་ཡི་ས་ཁང་བདག་ཁོངས་ཀྱིས་གཏན་འབེབས་ལས་འགལ་ནས་འབྲི་ཆུའི་ཆུ་ལམ་བཟུང་བའི་གྱོད་གཞི། ཨན་ཧུའེ་ཁྲུའུ་ཀྲོའུ་གྲོང་ཁྱེར་གྱི་འབྲུ་མཛོད་སོགས་ཀྱིས་གཏན་འབེབས་ལས་འགལ་ནས་ཧོའེ་ཧོ་གཙང་པོའི་ཆུ་ལམ་བཟུང་བའི་གྱོད་གཞི། འབྲི་ཆུར་ལྐོག་ཏུ་བྱེ་མ་འདོན་མཁན་གྲུ་གཟིངས་ཀྱིས་ཁྲིམས་འགལ་ངང་བྱེ་མ་འདོན་པའི་གྱོད་གཞི། ཧོ་ནན་ལུའོ་དབྱང་གྲོང་ཁྱེར་གྱི་ལུའོ་ཧོ་གཙང་པོར་ཁྲིམས་འགལ་ངང་བྱེ་མ་འདོན་པ་དང་ཟོག་སྙིགས་ས་སྦས་གཏོང་བའི་གྱོད་གཞི། ཡུན་ནན་དབུན་ཧྲན་ཀྲོའུ་གྱིས་ཁྲིམས་འགལ་ངང་དྲ་རྒྱའི་གསོ་སྤེལ་བྱས་ནས་པའེ་སེ་ཆུ་མཛོད་བཟུང་བའི་གྱོད་གཞི། ཆུ་འགོག་པའི་ནགས་ཚལ་ཡུག་གླིང་འཛུགས་པ་དང་། ར་སྐྱོར་སློང་བ། ཡུ་རིང་ལོ་ཏོག་འདེབས་པ་བཅས་བྱས་ནས་ལའོ་ཧ་ཆུ་བོའི་ཆུ་ལམ་བཟུང་བའི་གྱོད་གཞི་བཅས་རེད།