《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

ཨའོ་མོན་གྱི་གཞི་རྩའི་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་ནས་ལོ་ངོ་33འཁོར་བར་དྲན་གསོ་ཞུས་པ།

ཨའོ་མོན་གྱིས་སྡེ་ཁུལ་དུ་བསྐྱོད་ནས“ཁྲིམས་ལུགས་ཁྱབ་གདལ་གྱི་དགའ་ནེའུ་དུས་ཆེན”གྱི་རིམ་སྤེལ་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ཨའོ་མོན་ནས་ཟླ་3ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་ནས་ལོ་ངོ་33འཁོར་བར་དྲན་གསོ་ཞུ་ཆེད། “ཁྲིམས་སྲུང་བྱ་སྤྱོད། ཁྲིམས་ལུགས་ཁྱབ་གདལ་གྱི་དགའ་ནེའུ་དུས་ཆེན”གྱི་བྱེད་སྒོ་ཨའོ་མོན་ཐ་ཧྲི་ཐང་ཆེན་དུ་གཉེར་ཞིང་། བྱེད་སྒོར་གྲོང་མི་ཁྲི་གཅིག་ལྷག་ཙམ་ཞུགས་ཡོད།

རིམ་སྤེལ་བྱེད་སྒོ་དེ་ཨའོ་མོན་གཞི་རྩའི་བཅའ་ཁྲིམས་ཁྱབ་གདལ་མཐུན་ཚོགས་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་ཁྲིམས་དོན་ཅུས། གྲོང་ཁྱེར་སྲིད་དོན་ཧྲུའུ། སློབ་གསོ་དང་གཞོན་ནུ་འཕེལ་རྒྱས་ཅུས་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་རེད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྲིད་འཛིན་ཁྲིམས་དོན་སིའི་སི་ཀྲང་ཧོང་ཧྲའོ་ཙེ་ཡིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས“སྲིད་གཞུང་དང་། སློབ་གྲྭ ཚོགས་པ”བཅས་ཕྱོགས་གསུམ་མཉམ་འགུལ་མཉམ་ལས་ལམ་སྲོལ་བརྒྱུད་སློབ་གྲྭ་དང་ཚོགས་པས་མཉམ་ལས་ཟབ་ཏུ་བཏང་སྟེ། ཁྲིམས་ལུགས་ཁྱབ་གདལ་དང་བླངས་དཔུང་ཁག་བརྒྱུད་རིམ་ལྡན་པའི་ངང་གསོ་སྐྱོང་བྱས་ནས་སྡེ་ཁུལ་དུ་བསྐྱོད་དེ་ཡུལ་བབ་དམངས་འདུན་དང་འབྲེལ་བའི་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་སྤེལ་རྒྱུ་རེད་ཅེས་བརྗོད་པ་རེད།

ད་ཐེངས་ཀྱི་བྱེད་སྒོས་ཁྲིམས་ལུགས་ཁྱབ་གདལ་གྱི་སྟེགས་སྒྲོམ་དང་། ཕ་མ་བུ་ཕྲུག་གི་རོལ་རྩེད། གར་སྟེགས་ཀྱི་ལེ་ཚན་སོགས་སློབ་གསོ་དང་རོལ་རྩེད་མཉམ་འགུལ་གྱི་བྱེད་སྟངས་བརྒྱུད་གྲོང་མིས་རྩ་ཁྲིམས་དང་ཨའོ་མོན་གྱི་གཞི་རྩའི་བཅའ་ཁྲིམས་སྦྱོང་ཐུབ་པར་བྱས་ཡོད། དེ་མིན་གྱི་བྱེད་སྒོ་གཞན་དག་ཟླ་4པ་ནས་ཟླ་12པའི་བར་རྒྱུན་མཐུད་ངང་སྤེལ་རྒྱུ་རེད།