འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད། ཟླ་3ཚེས་22དང་23ཉིན་བོད་རང་སྐྱོང་ལྗོངས་ཀྱིས་ཆེད་དོན་ཚན་ཁག་སྒྲིག་འཛུགས་བྱས་ནས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་བསྐྱོད་དེ། མཐོ་སློབ་སློབ་ཐོན་སློབ་མའི་དཔྱིད་དུས་ཀྱི་ཆེད་དོན་ལས་ཞུགས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་སར་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་དོད་པ་དང་། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཚོས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཁྱེར་ནས་ལས་མི་བསྡུ་ཡུལ་དུ་བསྐྱོད་དེ་རང་ཉིད་ལ་མཁོ་བའི་ལས་ཀ་འཚོལ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་ནང་མི་སྤྱོད་ཚན་པ་100ཙམ་གདན་དྲངས་ནས་ལས་གནས་500ལྷག་ཙམ་མཁོ་འདོན་བྱས་པའི་ནང་སྨན་བཅོས་དང་། སློབ་གསོ། སྨྱན་སྦྱོར་གསར་པ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད།