《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月30日

ན་ནིང་རང་རྒྱལ་གྱི་ཚན་འཕྲུལ་ཐོན་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་1300ཙམ་ཟིན་པ།

2026ལོའི་ཀྲུང་ཀོན་གྲོང་ཚོའི་གླེང་སྟེགས་ལོ་ཚོགས་ཀྱི་རིམ་གཅིག་གླེང་སྟེགས་ཀྱི་གྲས་ཤིག་ཡིན་པའི་2026ལོའི་ཀྲུང་གོའི་ཚན་འཕྲུལ་ཚོགས་ཆེན་ཟླ་3ཚེས་27ནས་ཚེས་29ཉིན་བར་པེ་ཅིང་གྲོང་ཁྱེར་གྱི་ཧྲེ་ཅིང་ཧྲན་ཆུས་ཧྲའུ་ཀང་གླིང་དུ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ཀྲུང་གོའི་ཚན་འཕྲུལ་ཐོན་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་1261ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་15.7%འཕར་བ་དང་། བསྟུད་མར་ལོ་3དུང་ཕྱུར་སྟོང་གི་འགག་ཆེན་ལས་བསྒྲལ་ཏེ། ཀྲུང་གོའི་ཚན་འཕྲུལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རིམ་བཞིན་སླེབས་ཡོད། འདི་ནི་གྲོགས་པོ་ཆུང་ཆུང་ཚོས་ཀྲུང་གོའི་ཚན་འཕྲུལ་ཚོགས་ཆེན་ཐོག་འཕྲུལ་མིས་ཞབས་བྲོ་འཁྲབ་པར་ལྟ་བཞིན་པ།