ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ།
དགུན་དུས་དབང་སྐྱོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་14པར་རང་རྒྱལ་གྱི་དབང་སྐྱོན་ལུས་རྩལ་པས་དཔའ་ངར་ཆེན་པོས་གསེར་གྱི་རྟགས་མ་15དང་། དངུལ་གྱི་རྟགས་མ་13 ཟངས་ཀྱི་རྟགས་མ་16བཅས་ཁྱོན་རྟགས་མ་44བླངས་ཏེ། གསེར་གྱི་རྟགས་མའི་གྲངས་འབོར་དང་གཟེངས་རྟགས་ཀྱི་གྲངས་འབོར་གཉིས་ཀ་ཨང་དང་པོར་སླེབས་པ་མ་ཟད། འགྲན་བསྡུར་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཐོབ་ནས་མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་བརྩོན་ལེན་བྱས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུ་གི་ཡིན།
སྐབས་འདིའི་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་ཁྱེད་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྙིང་རུས་ཆེན་པོས་བརྩོན་ལེན་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་འབད་བརྩོན་ལྷོད་མེད་དང་སྤྲོ་སྣང་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད། ཁྱེད་ཚོས་འཛམ་གླིང་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ལུས་རྩལ་པ་དང་འདྲ་མཉམ་འགྲན་རྩོད་དང་། མཛའ་མཐུན་སྤེལ་རེས། མཛའ་བཤེས་སྤེལ་བ་བཅས་བྱས་ནས་ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་གཏམ་རྒྱུད་ཡག་པོ་བཤད་པས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་རྒྱལ་གཅེས་སྤྲོ་སེམས་དང་འབད་འཐབ་སྙིང་སྟོབས་སྔར་བས་ཆེ་རུ་ཕྱིན་ཡོད།
ཁྱེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། གྲུབ་འབྲས་བཟང་པོ་གཏོད་པ། རང་རྒྱལ་གྱི་དབང་སྐྱོན་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་དགོས།
ཀྲུང་གུང་ཀྲུང་དབྱང་དང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།
2026ལོའི་ཟླ་3ཚེས་15ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་འབྱོར་བའི་གློག་འཕྲིན)