《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月09日

2026ལོའི་འགྲན་དུས་ཀྱི་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་འདས་རིམ་མཚུངས་འགྲན་བསྡུར་ཁྲེང་ཏུའུ་རུ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་6ཉིན་གྱི་དགོང་མོར། 2026ལོའི་འགྲན་དུས་ཀྱི་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་འདས་རིམ་མཚུངས་འགྲན་བསྡུར་སི་ཁྲོན་ཁྲེང་ཏུའུ་རུ་འགོ་ཚུགས་པ་རེད། འགོ་ཚུགས་མཛད་སྒོའི་ཐོག་འགོ་ཚུགས་འགྲན་བསྡུར་གྱི་ཤན་འབྱེད་པ་གཙོ་བོ་ཝང་ཏི་དང་ཁྲེང་ཏུའུ་རུང་ཁྲེང་སྤྲོ་སྐྱིད་ཁང་གི་སྤོ་ལོ་རྒྱག་མཁན་ཧུའུ་ཧོ་ཐའོ་ཡིས་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་འདས་རིམ་མཚུངས་འགྲན་བསྡུར་གྱི་ཤན་འབྱེད་པ་དང་ལུས་རྩལ་པ་ཡོངས་ཀྱི་ཚབ་ཞུས་ནས་དམ་བཅའ་བཞག་པ་རེད། ཀྲུང་གོའི་རྐང་རྩེད་སྤོ་ལོའི་ལས་རིགས་རིམ་མཚུངས་འགྲན་བསྡུར་མཉམ་འབྲེལ་ལྷན་ཚོགས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལས་འཛིན་པ་ལི་ཁེ་མིན་གྱིས་འགྲན་དུས་གསར་པའི་ཀྲུང་གོའི་རིམ་འདས་རིམ་མཚུངས་འགྲན་བསྡུར་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད།

ཀྲུང་གོའི་རིམ་འདས་རིམ་མཚུངས་འགྲན་བསྡུར་གྱི་འགོ་ཚུགས་འགྲན་བསྡུར་དེ་ཁྲེང་ཏུའུ་རུང་ཁྲེང་དང་ཧྲེན་ཀྲེན་ཤིན་ཕུང་གྲོང་དབར་བྱས་ཤིང་། མཐར་ཁྲེང་ཏུའུ་རུང་ཁྲེང་གིས་5∶1གི་གྲུབ་འབྲས་ཐོག་ནས་ཧྲེན་ཀྲེན་ཤིན་ཕུང་གྲོང་ལས་རྣམ་པར་རྒྱལ་ཡོད། འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོ་དང་འགོ་ཚུགས་འགྲན་བསྡུར་ལྟ་མཁན་མི་ཁྲི་4ལྷག་ཙམ་ཡོད་པ་རེད།