《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月14日

གྲང་ངར་ཆེ་བའི་མཐའ་མཚམས་སུ་དམག་སྦྱོང་ནན་པོ་བྱེད་པ།

འདི་ནི་མཐའ་སྲུང་འཐབ་འཛིང་པས་གྲང་ངར་ལ་མ་འཛེམས་པར་མཐའ་སྲུང་གི་ལས་འགན་སྒྲུབ་བཞིན་པ།

འདི་ནི་མཐའ་སྲུང་འཐབ་འཛིང་པས་གྲང་ངར་ཆེ་བའི་གནམ་གཤིས་སུ་སྦྱོང་བརྡར་བྱེད་བཞིན་པ།

འདི་ནི་མཐའ་སྲུང་འཐབ་འཛིང་པས་མི་མེད་གནམ་གྲུར་བརྟེན་ནས་མཐའ་མཚམས་སུ་སྐོར་གཡེང་བྱེད་བཞིན་པ།

ཧེ་ལུང་ཅང་ཞིང་ཆེན་མོ་ཧོ་གྲོང་ཁྱེར་བྱང་སྣེ་གྲོང་རྡལ་ནི་རི་བོ་ཏ་ཞིང་ཨན་ལིང་གི་ཆེས་བྱང་སྣེའི་ཧེ་ལུང་ཅང་གི་མཐའ་མཚམས་སུ་གནས་ཤིང་། དེ་གར་དགུན་དུས་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་50ལྷག་ཙམ་དུ་སླེབས་པ་དང་། གངས་གསོག་ཐེབས་ཚད་གཏིང་རིང་ཤོས་ལ་སྨི་1.5ཟིན་པས་དེར“མཐོ་གྲང་བཀག་སྡོམ་ཁུལ”ཞེས་འབོད་ཀྱི་ཡོད།

བྱང་སྣེ་གྲོང་རྡལ་གྱི་ཡུག་ཁུལ་དུ་བཅའ་སྡོད་བྱེད་པའི་མཐའ་སྲུང་དཔུང་སྡེ་ཡིས་ལུའོ་ཀུ་ཧོ་གྲོང་ཚོ་དང་། བྱང་སྣེ་གྲོང་ཚོ། པེ་ཧུང་གྲོང་ཚོ་སོགས་ཀྱི་འགག་རྩའི་ས་ཚིགས་བརྟན་སྲུང་བྱེད་ཀྱི་ཡོད།

ཁོང་ཚོས་ཁ་བ་བུ་ཡུག་དང་གྲང་ངར་ལ་མ་འཛེམས་པར་སྦྱོང་བརྡར་ནན་པོ་བྱེད་ཀྱི་ཡོད། དཔུང་ཁག་དེའི་དཔོན་དམག་ཚོས་ལྷག་བསམ་རྣམ་དག་གི་ཀུན་སྤྱོད་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་འཐབ་འཛིང་གི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ལང་ཚོ་དང་སེམས་ཤུགས་ལ་བརྟེན་ནས“ཆེས་བྱང་སྣེ་དང་གྲང་ངར་ཆེ་ཤོས་སུ་ལྷག་བསམ་རྣམ་དག་ངང་བརྟན་སྲུང་བྱེད། ཆེས་ལུང་ཁུག་དང་ཐག་རིང་ཤོས་སུ་བློས་འགེལ་ཆོག་པའི་དཔོན་དམག་བྱེད”ཅེས་པའི་མཐའ་སྲུང་དམ་བཅའ་ལག་ལེན་བསྟར་བཞིན་ཡོད།