《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月25日

ཁྲུང་ཁྲུང་སྐེ་ནག་ས་མཐོར་ཅི་དགར་རོལ།

བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་དུ་དགུན་སྒྲོལ་གྱི་ཁྲུང་ཁྲུང་སྐེ་ནག་འབོར་ཆེན་ཞིང་ནང་དང་མུ་ཁར་བག་ཕེབས་ངང་ཟས་འཚོལ་བཞིན་ཡོད། རྒྱང་རིང་ནས་ཡོང་བའི་ཁྲུང་ཁྲུང་སྐེ་ནག་དེ་དག་སང་ལོའི་ཟླ་གསུམ་པ་ནས་བཞི་པའི་བར་འདི་གར་འཚོ་སྡོད་བྱེད་ཀྱི་ཡོད། ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་མ་ཟད། ས་མཐོར་འཚོ་གནས་དང་སྐྱེ་འཕེལ་བྱེད་མཁན་ཁྲུང་ཁྲུང་གི་རིགས་འབའ་ཞིག་དེའང་ཡིན། འདི་ནི་ཟླ་1ཚེས་17ཉིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ནས་པར་བླངས་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།