《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月25日

མཚོ་སྔོན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་40.72ཟིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར“‘ལོ་ལྔ་ཚན་བཅུ་བཞི་པའི’འཕེལ་རྒྱས་གྲུབ་འབྲས”ཀྱི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གི་ཆེད་དོན་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། མཚོ་སྔོན་གྱིས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་བཅག་ནས་ས་ཁང་བདག་ཁོངས་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་ནུས་ལྡན་བྱས་པ་དང་ཆབས་ཅིག “ཁང་པ་ནི་སྡོད་ས་ཡིན་པ་ལས་ཧར་འཚོང་བྱེད་བྱ་མིན་པའི”ངེས་གནས་མཐའ་འཁྱོངས་བྱས་ཏེ“འགན་སྲུང+ཁྲོམ་རའི”མ་ལག་གཉིས་འཐུས་སྒོ་ཚང་དུ་གཏོང་བ་དང་ས་ཁང་བདག་ཁོངས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་འདོན་པའམ་ལེགས་སུ་བཏང་ནས། གསར་སྐྲུན་ཚོང་ཟོང་ཁང་པ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1276ཙམ་ཕྱིར་ཚོང་བྱས་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་40.72ཟིན་ནས། མཚོ་སྔོན་གྱི་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།

དེའི་རིང་། ཞིང་ཆེན་ཡོངས་ཀྱིས་ཐོག་ཁང་རྩིས་སྤྲོད་འགན་ལེན་དང་སྡོད་ཁང་རྩིས་སྤྲོད་འགན་ལེན་གྱི་འགག་སྒྲོལ་དམག་འཐབ་བརྒྱབ་ནས་ཐོག་ཁང་རྩིས་སྤྲོད་འགན་ལེན་རྣམ་གྲངས་8711དང་སྡོད་ཁང་རྩིས་སྤྲོད་འགན་ལེན་རྣམ་གྲངས་32772ཁྱོན་ཡོངས་ནས་རྩིས་སྤྲོད་པར་སྐུལ་འདེད་བཏང་སྟེ། སྡོད་ཁང་ཉོ་མཁན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ནུས་ལྡན་བྱས་པ་རེད། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་ཁྲི་1.1བསྐྲུན་པའི་ཁར་དུད་ཚང་ཁྲི་2.5ལ་སྡོད་ཁང་བོགས་གཏོང་ཁ་གསབ་སྤྲད་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ཐད་དཀའ་ངལ་ཡོད་པའི་མ་མཐའི་འཚོ་བ་འགན་ལེན་དང་ཡོང་འབབ་དམའ་བའི་དུད་ཚང་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་ཐུབ་ཡོད་པ་རེད། སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས་སྡོད་ཁང་ཐད་སྒོར་དུང་ཕྱུར་708.32འཛད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱས་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)