ཉེ་བའི་ལོ་ཤས་རིང་། བོད་ལྗོངས་འཕྱོངས་རྒྱས་ལ“རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་དཔེ་སྟོན་རྫོང”དང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང”སོགས་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་བཅུ་ལྷག་ཙམ་ཐོབ་ཡོད།
གྲངས་གཞི་ལས་ཡོང་འབབ་ཀྱི་གནས་ཚུལ་ཤེས་ཐུབ་སྟེ། 2024ལོར་བོད་ལྗོངས་འཕྱོངས་རྒྱས་རྫོང་གི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24417ཟིན་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་པ་དང་། དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་22009ཟིན་པ་དེ་2020ལོ་ལས་81.8%འཕར་ཡོད།