《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月25日

ཀྲུང་གོའི་འཕྲུལ་མིའི་ལུས་རྩལ་ཚ་རླབས་ཀྱིས་འཕྲུལ་མི་ཁྲོམ་རར་སྤྱོད་པར་སྐུལ་འདེད་བཏང་བ།

འདི་ནི་2025ལོའི་འཛམ་གླིང་འཕྲུལ་མིའི་འདུ་ཚོགས་འགྲེམས་ཁང་ནང་ལྟད་མོ་བ་ཚོས་ཡུས་ཧྲུའུ་འཕྲུལ་མིའི་འགྲེམས་སྟེགས་ཐོག་འཕྲུལ་མིའི་འབོག་སན་འགྲན་བསྡུར་ལ་ལྟ་བཞིན་པ།

ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མི་གཟུགས་འཕྲུལ་མིའི་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད། ད་ཆ་ཀྲུང་གོར་མི་གཟུགས་འཕྲུལ་མིའི་ཁེ་ལས་150ལྷག་ཙམ་ཡོད་པ་གང་ཞིག གྲངས་འབོར་སྔར་བཞིན་མང་དུ་འགྲོ་བཞིན་ཡོད། བཙུགས་མ་ཐག་པའི་འཕྲུལ་མིའི་ཁེ་ལས་མང་པོ་ཞིག་གི་ངོས་ནས་བརྗོད་ན། ལུས་རྩལ་ནི་ཚོད་ལྟ་བྱ་ཡུལ་ཞིག་ཏུ་གྱུར་ཞིང་། དེ་ནི་འཕྲུལ་མིའི་ནུས་པ་མངོན་པ་དང་དངོས་ཡོད་འཚོ་བའི་ཁྲོད་བཀོལ་སྤྱོད་འཚོལ་ཞིབ་བྱེད་པའི་ཐབས་ལམ་ཞིག་རེད།

2025ལོར་ཀྲུང་གོའི་འཕྲུལ་མིའི་ལུས་རྩལ་འགྲན་བསྡུར་བྱེད་ཐེངས་མང་དུ་ཕྱིན་ཡོད་ཅིང་། འཕྲུལ་མི་བཅུ་ཕྲག་གིས་ཀྲུང་གོའི་གྲ་རྒྱས་ཤོས་ཀྱི་ལོ་འཁོར་གྱི་རིག་འཛོམས་ལེ་ཚན་ཏེ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་གར་སྟེགས་ཐོག་མཉམ་དུ་དབྱང་ཀོ་ཞབས་བྲོ་འཁྲབ་པ་དང་། གོ་ལ་ཧྲིལ་པོའི་མི་གཟུགས་འཕྲུལ་མིའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ཐེངས་དང་པོ་ཀྲུང་གོར་གཉེར་བ། པེ་ཅིང་གྲོང་ཁྱེར་གྱིས་འཛམ་གླིང་གི་མི་གཟུགས་འཕྲུལ་མིའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་བ་བཅས་བྱས་ནས། རྐང་རྩེད་སྤོ་ལོ་དང་། འབོག་སན། དྲག་རྩལ་སོགས་ལུས་རྩལ་འགྲན་ཚོགས་སྐབས་འཕྲུལ་མིར་དཔའ་རྩལ་ངོམ་དུ་བཅུག་པ་རེད།

འཕྲུལ་མིའི་ལུས་རྩལ་གྱི་ཚ་རླབས་འཕྱུར་བ་དེ་ནི་མི་གཟུགས་འཕྲུལ་མི་གོ་ལ་ཧྲིལ་པོའི་ཚན་རྩལ་འགྲན་རྩོད་ཀྱི་འགག་རྩ་དང་མདུན་གྲལ་ཁྱབ་ཁོངས་སུ་གྱུར་པའི་དུས་སྐབས་ཤིག་རེད། ཀྲུང་གོས་འཕྲུལ་མིའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་སྔོག་འདོན་ཧུར་ཐག་བྱེད་བཞིན་ཡོད་པ་མ་ཟད། ད་དུང་འཕྲུལ་མིར་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བཞིན་ཡོད། འཕྲུལ་མིའི་ལུས་རྩལ་འགྲན་ཚོགས་གཉེར་བ་ནི་དོ་ཁུར་བྱེད་ཚད་དང་མ་འཇོག་གི་ཡིད་དབང་འགུག་པའི་ཐབས་ཤེས་བཟང་པོ་ཞིག་ཀྱང་རེད།

—— ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།