《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月25日

ཀྲུང་གོའི་ཁེ་ལས་སྟོང་ཕྲག་གིས་ཐོན་རྫས་གསར་ཤོས་དང་གསར་གཏོད་ལག་རྩལ་ཁྱེར་ནས་ལཱ་སི་ཝེ་ཅཱ་སིའི་འཛད་སྤྱོད་གློག་རྡུལ་འགྲེམས་ཚོགས་ལ་ཞུགས་པ།

① འདི་ནི་ཡུས་ཧྲུའུ་ཚན་རྩལ་ཀུང་སིའི་འགྲེམས་སྟེགས་སུ་ལྟད་མོ་བ་དང་འཕྲུལ་མི་མཉམ་འགུལ་བྱེད་བཞིན་པ།

② འདི་ནི་ཧང་ཀྲོའུ་ལིན་པན་ཚན་རྩལ་ཀུང་སིའི་འགྲེམས་སྟེགས་སུ་ལྟད་མོ་བས་རིག་ནུས་མིག་ཤེལ་གསར་ཤོས་ལ་ཉམས་ལེན་བྱེད་བཞིན་པ།

③ འདི་ནི་ལྟད་མོ་བས་ཁོའེ་ལོན་ཚན་རྩལ་ཀུང་སིའི་ཆེས་ཡང་བའི་རིགས་ཀྱི་འཕུར་སྐྱོད་འཕྲུལ་ཆས་ལ་ཉམས་ལེན་བྱེད་བཞིན་པ།(པར་འདི་དག་ནི་འདི་ག་ཚགས་པར་གྱི་གསར་འགོད་པ་ལི་ཀྲི་ཝེ་ཡིས་བརྒྱབ)

2026ལོའི་ཨ་རིའི་ལཱ་སི་ཝེ་ཅཱ་སིའི་འཛད་སྤྱོད་གློག་རྡུལ་འགྲེམས་ཚོགས་ཟླ་1ཚེས་6ཉིན་ནས་ཚེས་9ཉིན་བར་སྤེལ་ཞིང་། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་འཛད་སྤྱོད་ལག་རྩལ་ཐོན་ལས་ཀྱི་འདུ་ཚོགས་གྲ་རྒྱས་ཤོས་ཤིག་ཡིན་པའི་ངོས་ནས། སྐབས་འདིའི་འགྲེམས་ཚོགས་ལ་རྒྱལ་ཁབ་དང་ས་ཁུལ་155ཡི་ཁེ་ལས་སྟོང་ཕྲག་ཞུགས་ཡོད་པ་དང་། མི་ཐབས་རིག་ནུས་དང་། གྲངས་འཛིན་བདེ་ཐང། ནུས་རྒྱུ། དབྱིངས་ཞུགས་རྣམ་པའི་རོལ་རྩེད། འཕྲུལ་མིའི་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད། ལེན་ཞང་དང་། TCL ཧའེ་ཤིན། ཁྲང་ཁྲེང་། ཡུས་ཧྲུའུ་ཚན་རྩལ་སོགས་ཀྲུང་གོའི་ཁེ་ལས་སྟོང་ཕྲག་གིས་ཐོན་རྫས་གསར་ཤོས་དང་གསར་གཏོད་ལག་རྩལ་ཁྱེར་ནས་གློག་རྡུལ་འགྲེམས་ཚོགས་ལ་ཞུགས་ཡོད་པ་རེད།