ལོ་མང་རིང་། རྒྱལ་སྤྱིའི་རྩ་འཛུགས་ཁག་གིས་རྒྱལ་ཁབ་ཚང་མས་ནུས་རྒྱུ་ཕྱོགས་སྒྱུར་ལ་ཐོག་མཐའ་བར་གསུམ་དུ་སྐུལ་འདེད་གཏོང་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། དེའི་ཐད་རྒྱལ་ཁབ་གཅིག་གིས་རྒྱུན་མཐུད་ཆོག་པའི་འབྱུང་འགྱུར་གྱི་དགོས་ངེས་རང་བཞིན་ལ་ཉེ་དུས་དོ་ཁུར་བྱེད་པ་མ་ཟད། འབྱུང་འགྱུར་གྱི་འགག་རྩའི་ལག་རྩལ་ཁྱབ་ཁོངས(དཔེར་ན་མི་ཐབས་རིག་ནུས་ལྟ་བུ)ལ་སྣེ་ཁྲིད་བྱེད་པའི་རྣམ་གྲངས་ལ་དམིགས་ནས་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་གི་ཡོད་ཅིང་། རྒྱལ་ཁབ་དེ་ནི་ཀྲུང་གོ་རེད།
ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ཉི་གློག་འདོན་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་གི་བཏུལ་ཐང་འོད་ཤུགས་གླིང་ནི་ཀྲུང་གོ་ཉིད་མདུན་གྲལ་དུ་སླེབས་པར་རམ་འདེགས་བྱེད་པའི་འོད་ཤུགས་གླིང་གི་གྲས་ཤིག་རེད། དེ་མཚོ་བོད་ས་མཐོའི་སྣུར་སྲིང་ཁུལ་དུ་གནས་པ་དང་ས་ཁམས་ཀྱི་ལེགས་ཆ་ལས་ཉི་གློག་འདོན་པའི་ཐད་སྟོབས་ཤུགས་ཆེན་པོ་མངོན་པ་མ་ཟད། ད་དུང་དེ་གནས་སའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལེགས་སུ་གཏོང་བར་ཡང་ཕན་ཐོགས་ཡོད་པ་རེད།
ཉི་ནུས་ཤེལ་ལེབ་ཀྱིས་བཀབ་པའི་བར་མཐོངས་ལས་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། དེའི་རྒྱུ་མཚན་ནི་ཉི་ནུས་ཤེལ་ལེབ་ཀྱིས་ས་ངོས་སུ་ཉི་འོད་འཕྲོ་ཡུན་ཐུང་དུ་གཏོང་ཐུབ་པས་ས་རྒྱུའི་བརླན་ཚད་སྲུང་ཐུབ་ནས། སྐྱེ་དངོས་ཕྲ་རབ་དང་རྩི་ཤིང་ཡག་པོ་སྐྱེ་ཐུབ་ཀྱི་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། མཐའ་འཁོར་གྱི་ས་ཆ་དང་བསྡུར་ཚེ་འོད་ཤུགས་གླིང་ལ་སྐྱེ་དངོས་སྣ་མང་རང་བཞིན་དེ་བས་མང་བ་ཡོད་པ་རེད། —— སི་ཕེན་གྱི《དཔྱོད་ཤེས་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།