《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月25日

“ཀྲུང་གོའི་བྱ་སྤྱོད་ལ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལྡན་ཡོད”

འདི་ག་ཚགས་པར་གྱི་གསར་འགོད་པ། ཞེ་ཅ་ཉིང་།

2025ལོའི་ཟླ་9པར། ནི་ཁ་ར་ཀྭ་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་ནས། ནི་ཁ་ར་ཀྭས་ཉིན་ཤས་གོང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོར་རྒྱབ་སྐྱོར་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ནི་ཁ་ར་ཀྭའི་རྒྱལ་དམངས་གྲོས་ཚོགས་ཐོག་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་ནས་ནི་ཁ་ར་ཀྭ་སྲིད་གཞུང་གི་གྲོས་ཆོད་ལ་རྒྱབ་སྐྱོར་བྱས་ཤིང་། ཉེ་ཆར། ནི་ཁ་ར་ཀྭའི་ཙུང་ཐུང་གི་མ་འཇོག་དང་། ཚོང་དོན། རྒྱལ་སྤྱིའི་མཉམ་ལས་བཅས་ཀྱི་བློ་འདྲི་བ་ལའོ་ལེ་ཡ་ནུའོ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། གོང་གསལ་གྱི་གནས་ཚུལ་དེ་ཐོག་ནས་ནི་ཁ་ར་ཀྭའི་སྲིད་གཞུང་དང་མི་དམངས་ཀྱིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྲུང་གོས་ཁྲིད་སྟོན་གྱི་ནུས་པ་བཏོན་པར་ཚད་མཐོའི་ཁས་ལེན་བྱས་པ་མཚོན་པ་མ་ཟད། ནི་ཀྲུང་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བར་ཡིད་ཆེས་བརྟན་པོ་བྱེད་པའང་མཚོན་ཡོད། “གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་རྒྱལ་ཁབ་ཁག་གི་མི་དམངས་ལ་མཐུན་སྒྲིལ་བྱས་ནས་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ཐུན་མོང་འཕེལ་རྒྱས་ཡོང་བར་རམ་འདེགས་དེ་བས་མང་བ་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

ནི་ཁ་ར་ཀྭ་སྲིད་གཞུང་གི་གསལ་བསྒྲགས་ནང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་དམིགས་ཡུལ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ལྷོ་བྱང་གི་ཧེ་བག་ཆུང་དུ་བཏང་ནས། རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱ་ཆེད་རེད་ཅེས་འཁོད་ཡོད་པ་རེད། ནི་ཁ་ར་ཀྭའི་རྒྱལ་དམངས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་བསྒྲགས་གཏམ་ནང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་བསྐྱར་བསྒྲགས་བྱས་ནས། ཕྱོགས་མང་རིང་ལུགས་དང་། ཞི་བདེ། དྲང་བདེན། རྒྱལ་ཁབ་ཁག་གི་བདག་དབང་ལ་བརྩི་འཇོག་བྱེད་པ་བཅས་ཀྱི་སྒྲོམ་གཞིའི་ནང་། མིའི་རིགས་ལ་འཕྲད་པའི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་འཁོད་ཡོད་པ་རེད། ལའོ་ལེ་ཡ་ནུའོ་ཡིས། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་རྗེས། ནི་ཁ་ར་ཀྭས་འཕྲལ་དུ་གྲོས་འགོ་དེར་རྒྱབ་སྐྱོར་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ནི་ཁ་ར་ཀྭ་ཕྱོགས་ཀྱི་འགོ་ཁྲིད་ཀྱིས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་འགོ་དེའི་དོན་སྙིང་གལ་ཆེན་དང་རིན་ཐང་སྐོར་ནན་བཤད་ཐེངས་མང་བྱས་ཡོད་ཅེས་བརྗོད་པ་རེད།

“གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ནི་འཛམ་གླིང་གི་དུས་བབ་ཡོ་ལང་ཆེ་བའི་རྒྱབ་ལྗོངས་འོག་བཏོན་པ་ཞིག་རེད” ལའོ་ལེ་ཡ་ནུའོ་ཡིས་རྒྱལ་ཁབ་ཁག་གཅིག་གི་བཙན་དབང་བྱེད་སྤྱོད་ནི་མིག་སྔའི་ས་ཁུལ་དབར་གྱི་གདོང་ཐུག་ཛ་དྲག་ཏུ་འགྲོ་བའི་འབྱུང་རྩ་རེད། རྒྱབ་ལྗོངས་དེའི་འོག གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་དོན་སྙིང་གལ་ཆེན་ནི་བདག་དབང་འདྲ་མཉམ་གྱི་རྩ་དོན་སྲུང་སྐྱོང་བྱེད་པ་དེ་ཡིན་པ་དང་། རྒྱལ་ཁབ་ཁག་ཆེ་ཆུང་དང་། སྟོབས་ཆེ་ཆུང་། དབུལ་ཕྱུག་བཅས་གང་ཞིག་ཡིན་རུང་ཚང་མ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཕེལ་རིམ་ནང་འདྲ་མཉམ་ངང་ཞུགས་དགོས་པའི་ནན་བཤད་བྱས་ཡོད། “གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་ཞི་བདེའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཁག་གི་ཐུན་མོང་ཁེ་ཕན་སྲུང་བར་གཞོལ་ཏེ་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ནི་ཁ་ར་ཀྭ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོར་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད”ཅེས་བརྗོད་པ་རེད།

གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོས་ལེགས་སྐྱེས་གལ་ཆེན་ཕུལ་བར་ལའོ་ལེ་ཡ་ནུའོ་ཡིས་བསྔགས་བརྗོད་ཆེན་པོ་བྱས་ཤིང་། ཁོང་གིས“ཀྲུང་གོ་ནི་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་གི་ཀ་རྟེན་གལ་ཆེན་ཞིག་ཡིན་པ་མ་ཟད། བདག་དབང་དང་འདྲ་མཉམ་སྲུང་སྐྱོང་གི་རྐང་འཛིན་སྟོབས་ཤུཌ་ཤིག་དེ་བས་ཀྱང་རེད། ཀྲུང་གོས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཡར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་འཛིན་པ་གང་ཞིག གོ་ལ་ཧྲིལ་པོའི་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་ལས་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་ཟུར་སྣོན་མི་བྱེད་པ་དང་། བཙན་ཤེད་མི་བྱེད་པ། བཙན་འཛུལ་མི་བྱེད་པས། ཀྲུང་གོའི་བྱ་སྤྱོད་ལ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བརྗོད་པ་རེད། (བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་ཆེ་བ་དང་པ་ཕན་གྱིས་ཞུས)