ཉེ་བའི་ལོ་ཤས་རིང་། དབྱི་ཧྥེང་རྫོང་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་སླར་གསོ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། བརྒྱུད་རིམ་ལྡན་ལ་ཕུགས་ཕན་ཅན་གྱི་ཆུ་བོ་དང་མཚོ་མོ་སྲུང་སྐྱོང་བཅོས་སྐྱོང་མ་ལག་བསྐྲུན་པ་མ་ཟད། རིམ་པ་གསུམ་པའི་ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁྲིའི་མ་ལག་ནན་དུ་གཏོང་བ་དང་རིག་ལྡན་ལྟ་འདོམས་ཀྱི་མཐུན་རྐྱེན་སྦྱོར་བ་དེ་ཉིད་རྒྱུན་རྣམ་ཅན་གྱི“དྭངས་གཙང་ཆུ་བོའི་བྱ་སྤྱོད”དང་ཟུང་འབྲེལ་བྱས་ཐོག ཆུའི་ཁོར་ཡུག་ཡུན་རིང་བཅོས་སྐྱོང་དང་། ཡུན་རིང་ཕན་འབྲས་ཐོན་པ། ཡུན་རིང་དྭངས་གཙང་ཡོང་བ་བཅས་བྱས་པ་རེད། འདི་ནི་ཉེ་ཆར་ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་དབྱི་ཧྥེང་རྫོང་ཡེ་ཤིས་ཆུ་བོར་ཆུ་དཔོན་དང་ཆུ་ལམ་གཙང་སྦྲ་བྱེད་མཁན་གྱིས་ཆུ་ངོས་ཀྱི་གད་སྙིགས་སྒྲུག་བཞིན་པ།