འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2025ལོར་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་ལྟ་སྐུལ་ཞིབ་བཤེར་དང་བརྟག་དཔྱད་བྱས་ཚུལ་བརྡ་ཁྱབ་བཏང་ཞིང་། བརྡ་ཁྱབ་ལས་མངོན་པར། 2025ལོར་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་4119གྱོད་དོན་ཐོ་འགོད་བྱས་པ་དང་། མི་3763ལ་ཆད་པ་བཅད་པ་རེད།
བརྡ་ཁྱབ་ལས་མངོན་པར། 2025ལོར་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་གནད་དོན་དང་འབྲེལ་བ་ཡོད་པའི་ཁུངས་སྣེའམ་ཡང་ན་ཐེར་འདོན་གོང་ཞུ་བསྡོམས་ཐེངས་ཁྲི་4.02ལྷག་ཙམ་རྩིས་ལེན་བྱས་པ་ལས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་གནད་དོན་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་ཁྲི་3.50ལྷག་ཙམ་ཐག་གཅོད་བྱས་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་མི་ཐེངས་10840ལ་སྐོང་འདྲི་བྱས་པ་ལས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་4119གྱོད་དོན་ཐོ་འགོད་བྱས་པ་དང་། མི་3763ལ་ཆད་པ་བཅད་པ། མི་234ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་ཅིང་། དེའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་4དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་116 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་746ཡོད་པ་རེད།
བརྡ་ཁྱབ་ལ་གཞིགས་ན། 2025ལོར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“ཐབས་རྣམ་བཞི”སྤྱད་དེ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་མི་ཐེངས་ཁྲི་1.39ལྷག་ཙམ་ལ་སྐྱོན་བརྗོད་སློབ་གསོ་བརྒྱབ་པའམ་ཐག་གཅོད་བྱས་ཤིང་། དེའི་ནང་། ཐབས་རྣམ་དང་པོ་སྤྱད་དེ་མི་ཐེངས་9937ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཆད་པ་བཅད་པ་དང་། ཐབས་རྣམ་གཉིས་པ་སྤྱད་དེ་མི་ཐེངས་3217ལ་ཆད་པ་བཅད་པ། ཐབས་རྣམ་གསུམ་པ་སྤྱད་དེ་མི་ཐེངས་465ལ་ཆད་པ་བཅད་པ། ཐབས་རྣམ་བཞི་པ་སྤྱད་དེ་མི་282ལ་ཆད་པ་བཅད་པ་རེད། (ལྷག་པ་ཚེ་རིང་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)