འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། དམངས་སྲིད་པུའུ་གཞུང་དོན་ཐིང་དང་ནོར་སྲིད་པུའུ་གཞུང་དོན་ཐིང་གིས་མཉམ་དུཾ་བརྡ་ཐོ་བཀྲམ་ནས། དུས་འགོའི་ཚོད་ལྟའི་ལས་དོན་གྱི་རྨང་གཞིའི་ཐོག་2026ལོའི་ཟླ་1ཚེས་1ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཚད་གཞི་འབྲིང་ཡན་གྱི་ནུས་ཤོར་རྒན་རྒོན་ལ་རྒན་གསོ་ཞབས་ཞུའི་འཛད་སྤྱོད་ཁ་གསབ་རོགས་དངུལ་སྤྲོད་པའི་རྣམ་གྲངས་ལག་ལེན་བསྟར་རྒྱུའི་གཏན་འབེབས་བྱས་ཤིང་། བརྡ་ཐོའི་ནང་ཁ་གསབ་རྣམ་གྲངས་ལག་ལེན་བསྟར་བའི་དུས་འཁོར་ནི་ཟླ་བ་12(2026ལོའི་ཟླ་1ནས་ཟླ་12པའི་བར)ཡིན་པ་དང་ཚོད་ལྟའི་ས་ཁུལ་ཁག་གི་རྣམ་གྲངས་མཇུག་འགྲིལ་བའི་དུས་ཚོད་རྒྱལ་ཡོངས་དང་གཅིག་མཚུངས་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།
དམངས་སྲིད་པུས་བླང་བྱ་བཏོན་དོན། ཚོད་སྐོར་ལྟ་འདོམས་ནན་པོ་བྱས་ཏེ། རྫོང་རིམ་པའི་དམངས་སྲིད་སྡེ་ཚན་གྱིས་ས་ཁུལ་དེ་གའི་རྒན་རྒོན་གྱི་ནུས་པ་ཚོད་སྐོར་བྱས་འབྲས་དེ་1%ལས་མི་དམའ་བའི་བསྡུར་ཚད་ལྟར་ཡུལ་དངོས་སུ་ཞིབ་བཤེར་བྱེད་དགོས།