《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月25日

ཡུང་ཏིང་གཙང་པོའི་འབབ་རྒྱུད་དུ་ལོ་གསུམ་བསྟུད་མར་ཆུ་ཆད་མེད་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཡུང་ཏིང་གཙང་པོའི་འབབ་རྒྱུད་མ་འཇོག་ཚད་ཡོད་ཀུང་སི་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2025ལོའི་ལོ་མཇུག་བར་དུ། ཡུང་ཏིང་གཙང་པོའི་འབབ་རྒྱུད་དུ་ལོ་གསུམ་བསྟུད་མར་ཆུ་མ་ཆད་པར་ཆུའི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།

པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཤིས་སོགས་ས་ཁུལ་གྱི་ཆུ་རྩ་གསོ་འཁྱོངས་ཁུལ་དང་། སྐྱེ་ཁམས་སྲུང་བཅད། སྐྱེ་ཁམས་བར་ཁྱམས་བཅས་གལ་ཆེན་ཡིན་པའི་ཡུང་ཏིང་གཙང་པོའི་ཆུ་ལོ་རྒྱུས་ཐོག་ཡུན་རིང་ཆད་མྱོང་ཡོད། ས་ཁོངས་སྒྲོལ་བའི་མཐུན་སྦྱོར་དང་། སྲིད་གཞུང་དང་ཁེ་ལས་གཉིས་ཀས་ནུས་ཤུགས་བཏོན་ནས་ཡུང་ཏིང་གཙང་པོའི་སྐྱེ་ཁམས་སླར་གསོར་སྐུལ་འདེད་ཤུགས་ཆེན་བཏང་བས། འབབ་རྒྱུད་ཀྱི་སྐྱེ་ཁམས་རྣམ་པ་གསར་རྐྱང་དུ་གྱུར་ཡོད་པ་རེད།

མིག་སྔར། ཡུང་ཏིང་གཙང་པོའི་ཆུ་ལམ་གྱི་ཆུ་ངོས་རྒྱ་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ས་འོག་ཆུ་ཁ་གསབ་ཀྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ནས། པེ་ཅིང་གྲོང་ཁྱེར་ཁྲེན་ཅཱ་ཀྲོང་གི་ཆུ་མིག་སོགས་ཆུ་མིག་80ལྷག་ཙམ་སླར་ཡང་བརྡོལ་ཡོད་པ་རེད། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ནས་ཁྲུང་ཁྲུང་མགོ་དཀར། ཤར་ཕྱོགས་བཞད་དཀར་སོགས་འདབ་ཆགས་རྩ་ཆེན་རིགས་མང་པོ་ཡུང་ཏིང་གཙང་པོར་ཕྱིར་ལོག་ཅིང་། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་རིམ་བཞིན་མཐོ་རུ་ཕྱིན་ནས་ཡུང་ཏིང་གཙང་པོའི་ལྗང་མདོག་སྐྱེ་ཁམས་བར་འཁྱམས་རགས་ཙམ་ཆགས་ཡོད། 2025ལོར། ཡུང་ཏིང་གཙང་པོ་རྒྱལ་ཡོངས་ཀྱི་མ་ཡུམ་གཙང་པོ་སླར་གསོའི་བྱ་སྤྱོད་ཀྱི་དཔེ་མཚོན་དུ་བདམས་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)