《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月25日

2025ལོར་རྒྱལ་ནང་གི་སྒོར་ཁྲི་ཡི་ཐོན་སྐྱེད་ཐད་ཆུ་སྤྱོད་ཚད“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་20%ཆག་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར།“ལོ་ལྔ་ཚན་བཅུ་བཞི་པའི”རིང་། དཔལ་འབྱོར་བསྡོམས་འབོར་བསྟུད་མར་སྐས་རིམ་ཆེན་པོ་བརྒལ་བ་དང་འབྲུ་རིགས་ཐོན་འབབ་བསྟུད་མར་ལོ་ལེགས་བྱུང་བའི་གནས་ཚུལ་འོག་རང་རྒྱལ་གྱི་ཆུ་སྤྱོད་བསྡོམས་འབོར་འཕར་མེད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2025ལོར་རྒྱལ་ཡོངས་ཀྱི་རྒྱལ་ནང་གི་སྒོར་ཁྲི་ཡི་ཐོན་སྐྱེད་ཐད་ཆུ་སྤྱོད་ཚད་དང་སྒོར་ཁྲིའི་བཟོ་ལས་འཕར་ཐང་ཐད་ཆུ་སྤྱོད་ཚད“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་20%དང་25%སོ་སོར་ཆག་པ་དང་། ཞིང་ནང་དུ་ཆུ་ནུས་ལྡན་ངང་སྤྱོད་པའི་བཏགས་གྲངས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་0.565ནས0.583བར་འཕར་ཏེ་རྒྱུན་གཏན་མིན་པའི་ཆུ་སྤྱོད་ཚད“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་91%འཕར་ཡོད་པ་རེད།

ཆུ་བེད་པུས་བསྟན་དོན། ཆུ་ལ་བརྟེན་ནས་གཏན་འཁེལ་དང་ཆུ་འབོར་འཇལ་ནས་སྒྲུབ་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཆུའི་ལམ་ལུགས་ཀྱི་སྲིད་ཇུས་མ་ལག་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས། 2030ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་རྒྱལ་ནང་གི་སྒོར་ཁྲི་ཡི་ཐོན་སྐྱེད་ཐད་ཆུ་སྤྱོད་ཚད་དང་སྒོར་ཁྲི་ཡི་བཟོ་ལས་ཐད་ཆུ་སྤྱོད་ཚད་2025ལོ་ལས་10%ཡན་སོ་སོར་ཆག་པ་དང་། ཞིང་ནང་དུ་ཆུ་ནུས་ལྡན་ངང་སྤྱོད་པའི་བཏགས་གྲངས་0.60ཡན་ཟིན་པ། ཆུ་གྲོན་ཆུང་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.2ལས་བརྒལ་བ། རྒྱུན་གཏན་མིན་པའི་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་300ལས་བརྒལ་བ། ཆུའི་ཐོན་ཁུངས་ཧ་ཅང་དཀོན་པའི་ས་ཁུལ་དང་ཆུའི་ཐོན་ཁུངས་ཀྱི་ཐེག་ཚད་ལས་བརྒལ་བའི་ས་ཁུལ་གྱི་བསྐྱར་སྐྱེས་ཆུ་སྤྱོད་ཚད་30%ཡན་ཟིན་པ། རྨ་ཆུ་རྒྱུག་ཁུལ་གྱི་གཏེར་ཁྲོན་གྱི་ཆུ་སྤྱོད་ཚད་70%ཡན་ཟིན་པ་བཅས་བྱ་རྒྱུ་དང་། ཆུ་གྲོན་ཆུང་ལམ་ལུགས་ཀྱི་སྲིད་ཇུས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆུ་གྲོན་ཆུང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གཞི་རྩའི་ཆ་ནས་སེལ་བ། ཆུ་གྲོན་ཆུང་གི་ཞིབ་ཕྲའི་དོ་དམ་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཆུའི་ཐོན་ཁུངས་སྤྱོད་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ་རེད།