“དུས་ཚོད་དེའི་རིང་ངས་ཉིན་ལྟར་ཁྱེད་ཚོའི་གནས་ཚུལ་ཤེས་རྟོགས་བྱུང་ན་ཅི་མ་རུང་སྙམ་གྱི་འདུག”ཅེས་2025ལོའི་ཟླ་1ཚེས་22ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལེའོ་ཉིང་ལ་རྟོག་ཞིབ་གནང་སྐབས། ཐད་ཀར་དེ་གོང་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་ཕོག་པའི་ཧུའུ་ལུའུ་ཏའོ་གྲོང་ཁྱེར་སུའེ་ཀྲུང་རྫོང་མིང་ཧྲུའེ་མན་ཇུ་རིགས་ཤང་ཀྲུའུ་ཅ་ཀོའུ་གྲོང་ཚོར་ཕེབས་ནས་དེ་ལྟར་གསུངས།
2024ལོའི་ཟླ་བ་བརྒྱད་པར་ཧུའུ་ལུའུ་ཏའོ་གྲོང་ཁྱེར་ལ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཕོག་པ་རེད། ས་བབ་དམའ་བའི་ཀྲུའུ་ཅ་ཀོའུ་གྲོང་ཚོ་ནི་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་གྲོང་གསེབ་ཀྱི་གྲས་ཤིག་རེད། ཆུ་ལོག་འཇགས་རྗེས། གེགས་རྗེས་བསྐྱར་སྐྲུན་ལས་དོན་འཕྲལ་མར་སྤེལ་ཞིང་། ད་ཆ་ཀྲུའུ་ཅ་ཀོའུ་གྲོང་ཚོར་འབྲུ་སེའུ་སྔོན་པོའི་དྲོད་ཁང་ཆེན་པོ་གསར་དུ་བརྒྱབ་ནས་ཐོན་ལས་དར་རྒྱས་ཡོང་བར་རོགས་རམ་བྱས་ཁར་གྲོང་གསེབ་ཏུ་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་ཏེ། ཚང་མའི་ཐུན་མོང་འབད་བརྩོན་ལ་བརྟེན་ནས་འཚོ་བ་དེ་བས་སྐྱིད་དུ་སོང་ཡོད།