《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月05日

དྲོད་ཁང་ནང་དུ་སྤོས། དགུན་སྒྲོལ་བདེ་བླག་བྱུང་།

ཉེ་ཆར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་མཐོ་གྲང་ས་ཁུལ་གྱི་གཅིག་སྡུད་རྣམ་པའི་ཕྱུགས་རིགས་དྲོད་ཁང་འཛུགས་སྐྲུན་རྣམ་གྲངས་སྐྲུན་མཇུག་བསྒྲིལ་ནས་བེད་སྤྱོད་གཏོང་འགོ་ཚུགས་ཏེ། རྨམ་པ་ཤང་རི་མདོ་སྒང་གྲོང་ཚོའི་སྤང་མདོ་ཚོགས་ཆུང་གི་མཐོ་གྲང་ས་ཁུལ་གྱི་ཕྱུགས་རིགས་དགུན་སྒྲོལ་གྱི་དཀའ་གནད་བསལ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤང་མདོ་ཚོགས་ཆུང་ལ་ཁྱོན་འབྲོག་དུད་85དང་འབྲི་གཡག་1400ལྷག་ཙམ་ཡོད། ས་མཐོར་དགུན་ཁ་གྲང་ངར་ཆེ་བས་ཕྱུགས་རིགས་ཤི་ཚད་མཐོ་རུ་དང་ཤེད་མོའང་སྐྱོ་རུ་ཤུགས་ཆེན་འགྲོ་བར་བརྟེན། ད་ཐེངས་ཚད་ལྡན་ཅན་གྱི་གཅིག་སྡུད་རྣམ་པའི་ཕྱུགས་རིགས་དྲོད་ཁང་7གསར་དུ་བསྐྲུན་ཞིང་། ཚན་རིག་དང་མཐུན་པའི་ཇུས་འགོད་བརྒྱུད་གྲང་ངར་འགོག་ཐབས་བྱས་པ་དང་ཆབས་ཅིག ཚན་རིག་དང་མཐུན་པའི་གསོ་ཚགས་མཛུབ་ཁྲིད་སྡེབ་སྒྲིག་བྱས་པས། ཡུལ་དེ་གའི་འབྲོག་ལས་ཀྱི་གེགས་འགོག་ནུས་པ་ཆེ་རུ་དང“བ་གླང་གཅིག”གི་ཁྱད་ལྡན་ཐོན་ལས་ཀྱི་རྨང་གཞི་སྲ་བརྟན་དུ་ཕྱིན་ཡོད་ཅིང་། འདི་ནི་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་རི་མདོ་སྒང་གྲོང་ཚོའི་སྤང་མདོ་ཚོགས་ཆུང་གི་ཚད་ལྡན་ཅན་གྱི་གཅིག་སྡུད་རྣམ་པའི་ཕྱུགས་རིགས་དྲོད་ཁང་ཡིན་པ།