གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་ལས་རིགས་མང་པོའི་ངལ་རྩོལ་པས་ལས་གནས་བརྟན་པོར་བསྲུངས་ཏེ་དཀའ་སྤྱད་ལས་བརྩོན་གྱི་རྣམ་པའི་ཁྲོད་དུ་གུང་གསེང་བཏང་བ་རེད།
→ འདི་ནི་ཟླ་1ཚེས་2ཉིན་ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཤིན་ཐེན་རྫོང་ཀུའེ(ཏུང)ཤིན(ཐེན)མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལས་ཡུལ་དུ་ཨར་པོ་བས་འགོག་སྲུང་གྱང་སྐྲུན་བཞིན་པ།
↓ འདི་ནི་ཟླ་1ཚེས་1ཉིན་ཨན་ཧུའེ་ཞིང་ཆེན་ཧྥུའུ་དབྱང་གྲོང་ཁྱེར་ཧྥུའུ་ནན་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་པས་གྲོང་ཁུལ་གྱི་ལམ་མདོ་ཁར་འགྲིམ་འགྲུལ་སྒྲིག་ལམ་བསྲུངས་ཏེ་དུས་ཆེན་རིང་འགྲིམ་འགྲུལ་ཤར་གཏོང་ཐུབ་པར་འགན་ལེན་བྱེད་བཞིན་པ།