《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月05日

རང་རྒྱལ་གྱི་ས་ཁམས་ཆ་འཕྲིན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་དགུ་སྟོང་ལས་བརྒལ་བཟོ་ཡོད་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ས་ཁམས་ཆ་འཕྲིན་ཐོན་ལས་དང་ལས་རྣམ་གསར་པ་མཉམ་འདྲེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་བར། ས་ཁམས་ཆ་འཕྲིན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་9000ལས་བརྒལ་བཟོ་ཡོད།

“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་ས་ཁམས་ཆ་འཕྲིན་གྱིས་ཞབས་འདེགས་རྒྱུན་ཆད་མེད་པར་ཞུ་བར་ཤུགས་བརྒྱབ་ཅིང་། རྒྱལ་ཡོངས་ཀྱི་ས་ཁམས་ཆ་འཕྲིན་ཐོན་ཁུངས་དཀར་ཆག་ཞབས་ཞུའི་མ་ལག་གིས་ཐོན་ཁུངས་སྣ་ཚོགས་ཀྱི་དཀར་ཆག་ཁྱོན་བསྡོམས་ཁྲི་809ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཡོངས་སུ་ཡོངས་བསྒྲགས་བྱས་པའི་ཚད་ལྡན་ས་བཀྲ་བསྡོམས་འབོར་ཁྲི་1.3ཟིན་ནས་རྒྱལ་ཁབ་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)གྱི་རིམ་གསུམ་ཞབས་ཞུའི་སྒྲོམ་གཞི་ཞིག་ཆགས་ཡོད་པ་རེད། འཕྲལ་སྡོམ་ཐིག་ལེན་རིས་འབྲིའི་འགན་སྲུང་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་ཐོལ་བྱུང་དོན་རྐྱེན་རིགས་ཆུ་ཚོད་6ནང་ཚུན་དུ་ཡུལ་དངོས་ཀྱི་དབྱེ་འབྱེད་མཐོ་བའི་རྒྱང་ཚོར་བརྙན་པར་ལེན་ཐུབ་པ་དང་། ཆུ་ཚོད་12ནང་ཚུན་དུ་འཕྲལ་སྡོམ་ཐིག་ལེན་རིས་འབྲིའི་གྲུབ་འབྲས་ཁག་དང་པོ་འདོན་ཐུབ་པའི་ནུས་པ་ལྡན་ཡོད་པ་རེད།

དེ་དང་ཆབས་ཅིག ས་ཁམས་ཆ་འཕྲིན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཞིང་། རང་འགུལ་འཁོར་གཏོང་ས་བཀྲའི་ཚད་གཞིའི་མ་ལག་རིམ་བཞིན་བཙུགས་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང་ཁག་ལ་ཁྱབ་པའི་སྤྱིར་བཏང་གཞུང་ལམ་རིམ་པ་L3མན་གྱི་རང་འགུལ་འཁོར་གཏོང་ས་བཀྲའི་ཐོན་རྫས་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད། རིག་ལྡན་ཟོག་འགྲེམས་དང་། རིག་ལྡན་གྲོང་ཁྱེར། གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་སོགས་ཁྱབ་ཁོངས་རྒྱ་ཆེ་རུ་དང་ཡུལ་ལྗོངས་གསར་གཏོད་བེད་སྤྱོད་བྱེད་ཚད་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

ཕྱོགས་གཅིག་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་ཕན་པའི་ལམ་ལུགས་དང་སྒྲིག་སྲོལ་ཁག་བཙུགས་ཤིང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་བའི་དོན་ཚན་གྱི་གསལ་ཐོ་བཟོ་རྒྱུར་སྐུལ་འདེད་བཏང་སྟེ། ས་གནས་སྲིད་གཞུང་གི་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་བ་དང་། ཚོང་འགུགས་མ་འདྲེན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་གིས་བཟོས་ཏེ། ས་གནས་སྲིད་གཞུང་ལ་ཡུལ་བབ་དང་བསྟུན་ནས་ཆུ་ཚད་མཐོ་བའི་ཚོང་འགུགས་མ་འདྲེན་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་པར་ཁྲིད་སྟོན་བྱས་པ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་གྱི་སྲོལ་ཡིག་ཞིབ་འཇུག་གིས་བཟོས་པ་དང་། སྲིད་འཛིན་ཆད་གཅོད་སོགས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲུན་གཅོད་དབང་ཆའི་གཞི་འཛིན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་བརྒྱབ་ཡོད། ཁྲོམ་ར་གཅིག་གྱུར་ཡོང་བར་ཕན་པའི་ནོར་ཁྲལ་སྒྲིག་སྲོལ་དང་། བསྡོམས་རྩིས་ཞིབ་རྩིས་ལམ་ལུགས། དཔྱད་ཞིབ་གདེང་འཇོག་མ་ལག་བཅས་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་བཏང་ཡོད། ཕྱོགས་གཞན་ཞིག་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་ཕན་པ་མེད་པའི་འགོག་རྐྱེན་སྣ་ཚོགས་བསལ་ཞིང་། སྒྲིག་འགལ་ངང་ནོར་ཁྲལ་གྱི་བྱ་དགའ་ཁ་གསབ་ཕྱིར་སློག་དང་། སུས་འཇོན་དེ་འགུགས་དང་སུས་འཇོན་དེ་ལེན་སོགས་ཁྱབ་ཁོངས་ཀྱི་གནད་དོན་བཅོས་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་བའི་གནད་དོན་སྣ་ཚོགས་ཀྱི་ཁུངས་སྣེ་རྒྱ་ཁྱབ་ཏུ་བསྡུས་ཏེ། འབྲེལ་ཡོད་ཀྱི་དཔེ་མཚོན་གྱོད་དཔེ་དུས་ཐོག་ཏུ་བརྡ་ཁྱབ་ཡོངས་བསྒྲགས་བཏང་ཡོད།

(སྐལ་མཆོག་གིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)