གནམ་ལོ་གསར་པ་ཤར་བ་དང་བསྟུན་ནས། ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་རིག་གནས་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་འཁྲུག་ཏུ་ཕྱིན་ཡོད། མི་རྣམས་ཕྱིར་བསྐྱོད་ནས་ཅ་དངོས་ཉོ་བ་དང་། བཟའ་བཏུང་། ཁྱད་ལྡན་རྣམ་གྲངས་ལ་མྱོང་རོལ། རིག་གནས་བྱེད་སྒོར་ཞུགས་པ་སོགས་བརྒྱུད་གནམ་ལོ་གསར་ཚེས་ཀྱི་གུང་གསེང་དགའ་གཏོང་བྱས་པ་རེད།
པར①ནི་ཟླ་1ཚེས་2ཉིན། ཀུའེ་ཀྲོའུ“གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར”སྐབས་བཞི་པའི་འགོ་ཚུགས་མཛད་སྒོ་དང“གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་དགོང་ཚོགས”རོང་ཅང་རྫོང་དུ་འཚོགས་བཞིན་པ་དང་། “གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར”གྱི་འགྲན་ཞུགས་རུ་ཁག་གི་གྲངས་འབོར་2023ལོའི་སྐབས་དང་པོའི་རུ་ཁག་20ནས་སྐབས་འདིའི་རུ་ཁག་137བར་མང་དུ་ཕྱིན་ཏེ་གཞི་ཁྱོན་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད།
པར②ནི་ཟླ་1ཚེས་2ཉིན། ཡུལ་སྐོར་བས་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་སྨི་ཏུང་ཆུས་ཀྱི་རིག་གནས་ལུས་རྩལ་སྤྱི་གླིང་དུ་གངས་འཁྱགས་ཀྱི་རྣམ་གྲངས་ལ་མྱོང་རོལ་བྱེད་བཞིན་པ།
པར③ནི་ཟླ་1ཚེས་2ཉིན། ཁྲུང་ཆིང་ལན་ཅང་ཁུལ་གསར་གྱི་ཚོང་རའི་ཟ་ཁང་ཞིག་ཏུ་མི་མང་པོས་ཞིམ་ཟས་ཟ་བཞིན་པ།