《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月05日

རིམ་སྤར་ཡུལ་སྐོར་མེ་འཁོར་མང་པོ་གཏོང་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་1ཉིན། རིམ་སྤར་ཡུལ་སྐོར་མེ་འཁོར་མང་པོ་གཅིག་སྡུད་ཐོག་བཏང་ནས་ཡུལ་སྐོར་བ་ཚོས་ལོ་གསར་གྱི་ཡུལ་སྐོར་མི་འདྲ་བ་ཞིག་ཉམས་ལེན་ཐུབ་པར་བྱས་ཡོད།

རྒྱལ་ཁབ་ལྕགས་ལམ་པེ་ཅིང་ཅུས་ཀྱིས་ཐེན་ཅིན་འབབ་ཚུགས་བྱང་མ་ནས་པེ་ཅིང་འབབ་ཚུགས་བར“ཐེན་ཅིན་ཡུལ་སྐོར་ལོ་ཟླ་རྟགས་ཅན”གྱི་ཡུལ་སྐོར་ལམ་ཐིག་བཏོད་ཅིང་། དེ་ནི་དབྱིངས་ཞུགས་རྣམ་པའི་ཁྱད་ལྡན་རིག་གནས་ཡུལ་སྐོར་གཙོ་བོར་བྱས་པའི་ཆེད་གཏོང་མེ་འཁོར་ཞིག་ཡིན་ཞིང་། འཁོར་སྒྲོམ་ཚང་མར་འཁྲབ་སྟོན་ལྟ་རྒྱུ་ཡོད་ལ་ཕན་ཚུན་མཉམ་འགུལ་བྱེད་པའི་ནུས་པ་ལྡན་པ་དང་། འཁོར་སྒྲོམ་ནང་ཟློས་གར་དང་གླུ་གར་སོགས་རེས་མོས་ངང་འཁྲབ་སྟོན་བྱེད་ཀྱི་ཡོད།

ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་2026ལོའི་ཅུས་བརྒལ་བའི་ཡུལ་སྐོར་མེ་འཁོར་ཐོག་མ“དར་གོས་ལམ་བུའི་མོང་ཞང་རྟགས་ཅན”བཏང་སྟེ། ལྕགས་ལམ་ཡུལ་སྐོར་ཆེད་གཏོང་མེ་འཁོར་གྱི་ས་ཁོངས་གཉེར་སྐྱོང་གི་བཀག་རྒྱ་གཏོར་ཞིང་། མཚོ་སྔོན་གྱི་སྐུ་འབུམ་བྱམས་པ་གླིང་དང་ཀན་སུའུ་ཡི་སངས་རྒྱས་སྟོང་སྐུའི་བྲག་ཕུག་དང་མིང་ཧྲ་རི་བོ་སོགས་མཛེས་ལྗོངས་ཁུལ་གལ་ཆེན་ལྷན་དུ་སྦྲེལ་ཏེ། དར་གོས་ལམ་བུའི་རིག་གནས་སྦྲེལ་ཟམ་དུ་བྱས་ནས་མཚོ་བོད་ས་མཐོ་དང་རྨ་ནུབ་དོག་ལམ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྦྲེལ་མཐུད་བྱས་ཡོད།