《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月15日

རྒྱལ་ཁབ་རིམ་པའི་སྐམ་སའི་གཡམ་སྣུམ་དཔེ་སྟོན་ཁུལ་དང་པོ་འཛུཌ་སྐྲུན་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ཝུའུ་ལུའུ་མུའུ་ཆི་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྡོ་སྣུམ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཤིན་ཅང་ཅི་མུའུ་སར་རྒྱལ་ཁབ་རིམ་པའི་སྐམ་སའི་གཡམ་སྣུམ་དཔེ་སྟོན་ཁུལ་གྱི་ལོའི་ཐོན་འབབ་ཏུན་ཁྲི་170ཟིན་ནས་ལོ་འཁོར་གྱི་མ་བཅོས་རྡོ་སྣུམ་ཐོན་སྐྱེད་ལས་འགན་ཉིན་22སྔ་སྣུར་གྱིས་ལེགས་སྒྲུབ་བྱས་པ་དང་། དེའི་ཐོག་ནས་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་སྐམ་སའི་གཡམ་སྣུམ་དཔེ་སྟོན་ཁུལ་དང་པོའི་འཛུགས་སྐྲུན་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་མཚོན་ཡོད་པ་རེད།

འཆར་འགོད་ལྟར་ན། དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་སྐམ་སའི་གཡམ་སྣུམ་གྱི་ས་གཤིས་རིགས་པའི་གཞུང་ལུགས་དང་ངོས་འཛིན་ཟབ་ཏུ་གཏོང་བ་དང་། སྐམ་སའི་གཡམ་སྣུམ་རྩད་ཞིབ་གསར་སྤེལ་ཐད་ཚད་བརྒལ་ཆེན་པོ་ཡོང་བ། རང་རྒྱལ་གྱི་སྐམ་སའི་གཡམ་སྣུམ་རྩད་ཞིབ་གསར་སྤེལ་ལག་རྩལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་དཔེ་སྟོན་དམིགས་ཚད་6ལེགས་སྒྲུབ་བྱེད་དགོས་པ་མ་ཟད། ད་དུང་2025ལོར་འཛུགས་སྐྲུན་ལས་འགན་ཚང་མ་ལེགས་སྒྲུབ་བྱེད་དགོས། ད་ལོ་ནས་བཟུང་། དཔེ་སྟོན་ཁུལ་དེས་རྩད་ཞིབ་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་བས་ལོ་རེའི་ཐོན་འབབ་ཏུན་ཁྲི་170ཡི་འཛུགས་སྐྲུན་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་ཡོད་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)