དུས་ཚོད། ཟླ་12ཚེས་10ཉིན།
ཉིན་རེའི་ལས་རིམ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
“ལོ་འདི་དག་རིང། ངས་ཡུལ་བབ་དང་བསྟུན་དགོས་པའི་སྐོར་གྱི་གནད་དོན་ནན་བཤད་ཐེངས་མང་བྱེད་མྱོང་ཡོད”ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་བརྟག་ཐབས་སྨྲ་བའི་དབྱེ་ཞིབ་གཏིང་ཟབ་གནང་བ་རེད།
“ཕྱི་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བསམ་ཕྱོགས་དང་། ལས་འགན། སྲིད་ཇུས་བཅས་ནི་རིགས་པས་ཁུངས་སྐྱེལ་གང་ལེགས་དང་ཞིབ་འཇུག་ཡང་ཡང་བྱས་པ་བརྒྱུད་བཏོན་པ་ཞིག་རེད། གཏན་འཁེལ་བྱས་ན་དོན་འཁྱོལ་ཡག་པོ་བྱེད་དགོས”“དོན་འཁྱོལ་བྱེད་སྐབས་དོན་དངོས་དང་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་དགོས”
“ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བསྡུ་ཉེར་ཡོད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་ལམ་གསར་པའི་འགོ་ཡག་པོ་བཙུགས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”ཕྱོགས་སུ་སྐྱོད་སྐབས་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་ཤིང་། ངེས་གཏན་མེད་པའམ་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་རྒྱུ་ཡིན་པས། འཕེལ་རྒྱས་ཀྱི་དུས་བབ་རྙོག་འཛིང་ཆེན་པོ་ཡོད་པ་རེད།
“ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་ཡུལ་བབ་དང་བསྟུན་དགོས”
“ས་གནས་ཁག་གཅིག་གིས་དོན་དངོས་ལ་མི་བསྟུན་པར་རྨོངས་ཚོད་ཀྱིས་ལད་ཟློས་རྐྱང་བྱེད་པ་དཔེར་ན། མི་གཞན་གྱིས་ཉིང་ལྷེབ་བཟོས་པ་མཐོང་ན་རང་ཉིད་ཀྱིས་ཀྱང་དེ་འདྲ་བྱེད་པ་དང་། མི་གཞན་གྱིས‘དཔེ་གསར་གསུམ’བཟོས་པ་མཐོང་ན་རང་ཉིད་ཀྱང་རྗེས་སུ་ལུས་འདོད་མེད་པར་དེ་འདྲ་བཟོ་བའི”སྣང་ཚུལ་ཁག་གཅིག་ལ་དམིགས་ཏེ་ཁོང་གིས་གསོན་ཉམས་དོད་པའི་དཔེ་ཞིག་བཞག་གནང་བ་སྟེ། “སྐྱེ་དངོས་ལ་སྣ་མང་རང་བཞིན་ལྡན་པ་དང་། ས་ཁུལ་དབར་ལ་ཁྱད་པར་ཡོད། རྒན་རྒོན་ཡོད་ལ། གཞོན་ནུ་ཡོད་པ་དང་། ལོ་ཆུང་དང་རྒན་རྒོན་སོགས་ཀྱང་ཡོད་པས། ཚང་མས་ལས་ཀ་གཅིག་པ་བྱེད་དགོས་དོན་གང་ཡིན་ནམ”
“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཡུལ་བབ་དང་བསྟུན་དགོས”
སྐྱེ་ཁམས་ཞན་འགྱུར་གྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྐྱོང་བྱེད་པར“ནགས་ལས་འཕྲོད་སར་ནགས་ལས་དང་། རྩྭ་འདེབས་འཕྲོད་སར་རྩྭ་འདེབས།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
བྱེ་བཅོས་ཐུབ་སར་བྱེ་བཅོས། ས་རྒོད་སློག་སར་ས་རྒོད་བཅས་བྱེད་དགོས་པ”དང་། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་པར“ཆུ་དང་བསྟུན་ནས་གྲོང་ཁྱེར་གཏན་འཁེལ་དང་། ཆུ་དང་བསྟུན་ནས་ས་ཆ་གཏན་འཁེལ། ཆུ་དང་བསྟུན་ནས་མི་འབོར་གཏན་འཁེལ། ཆུ་དང་བསྟུན་ནས་ཐོན་སྐྱེད་གཏན་འཁེལ་བཅས་བྱེད་དགོས”བྱེད་ཐབས་ཞིབ་ཕྲ་དེ་དག་གླེང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས“མིའི་རིགས་འཕེལ་རྒྱས་ནི་རང་བྱུང་ཁམས་མཉམ་གནས་ཀྱི་བརྒྱུད་རིམ་ཞིག་རེད། དོན་དངོས་དང་བྲལ་ནས་ཡ་ཡུག་གིས་བྱས་ན་ཡོང་ཐབས་མེད”ཅེས་ཕྱོགས་སྡོམ་གནང་ཡོད།
“གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་བྱེད་པར་ཡང་ཡུལ་བབ་དང་བསྟུན་དགོས”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་འཚོའི་དོན་དག་ཆུང་ཙག་ལ་མཐིལ་རྟོགས་གཏིང་ཟབ་གནང་ཞིང་། “ལྷོ་བྱང་བར་ལ་ཁྱད་པར་ཆེན་པོ་དེ་འདྲ་ཡོད་པས་གསང་སྤྱོད་སྒྱུར་བཀོད་བྱེད་སྟངས་གཅིག་པ་སྤྱད་ན་ག་ལ་འགྲིག ས་རྒོད་ཐང་ཆེན་དུ་དུད་ཚང་མང་པོ་མེད་པས་ཚད་ལྡན་གསང་སྤྱོད་རྒྱག་པའི་དགོས་པ་ཡོད་དམ། དམངས་ཀྱི་འདོད་བློ་སྐོང་བའི་འདུ་འགོད་དེ‘དམངས་ཀྱིས་འཁང་ར་བྱེད་པའི་འདུ་འགོད’ལ་བསྒྱུར་མི་རུང”
“ཡུལ་བབ་དང་བསྟུན་ནས་ས་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་དགོས”ཞེས་དང“ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་ནས། གྲོང་ཁྱེར་འཆར་འགོད་བྱེད་པར“ཤིང་རིས་ལྟར་ཤིང་གཤག་དགོས”ཞེས་པ་དང་དམིགས་བསལ་གྱི“གཞི་རྒྱུ”ཉར་ཚགས་བྱེད་དགོས་ཞེས་བཏོན་གནང་བའི་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་དེ་དག་རིང“ཡུལ་བབ་དང་བསྟུན་དགོས་པའི”གལ་ཆེའི་རང་བཞིན་ནན་བཤད་ཡང་ཡང་གནང་ཞིང་། ས་གནས་ཁག་ལ“‘ལྡེ་མིག་གཅིག་གིས་སྒོ་ལྕགས་གཅིག་འབྱེད་པ’ལས། གྲུ་རྟགས་ཤུལ་དུ་རལ་གྲི་འཚོལ་བ་དང་ལད་མོ་བྱེད་རྐྱང་བྱེད་རྒྱུ་མེད་པ”ཞེས་པ་དང“ཡུལ་བབ་དང་བསྟུན་པ་དང་ལེགས་སྤེལ་སྐྱོན་སྤོང་བྱས་ཏེ། ས་ཁུལ་དེ་གའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གཏོད་དགོས་པའི”བཀའ་མངགས་ཀྱང་གནང་ཡོད།
ཟླ་12ཚེས་8ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུར“ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས”ཞེས་ནན་བཤད་བྱས་ཡོད། “ཡུལ་བབ་དང་བསྟུན་པའི་ངོ་བོ་ནི་དངོས་ཐོག་བདེན་འཚོལ་བྱ་རྒྱུ་དེ་ཡིན” ད་ཐེངས་ཀྱི་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་དེ་ལྟར་གསུངས་ཡོད།
ཐམས་ཅད་དོན་དངོས་ནས་འགོ་རྩོམ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་གཏན་འཁེལ་བྱེད་པ། བྱ་བ་སྒྲུབ་པ་བཅས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་ས་རེད།
ཡུལ་བབ་དང་བསྟུན་པའི་དམིགས་ས་ནི་འགལ་ཟླའི་དམིཌ་བསལ་རང་བཞིན་དང་། འབུར་དུ་ཐོན་ས་ནི་ཐབས་ཇུས་ཀྱི་སྟབས་བསྟུན་རང་བཞིན་ཡིན་པ་ལས། “རང་སྣང་གང་ཤར་དང་རང་གནས་རིང་ལུགས་སྤེལ་བར”ཆོག་མཆན་སྤྲོད་ཆེད་མིན། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་ཁུལ་ཁག་གིས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། བྱེད་པོའི་ནུས་པ་ཆེ་རུ་གཏོང་བ་དང་དགེ་མཚན་ཆེ་རིགས་འདོན་དགོས”ཞེས་བསྟན་གནང་ཡོད།
པེ་ཅིང་དང་། ཐེན་ཅིང་། ཧོ་པེ་གསུམ་དང་། འབྲི་ཆུའི་ཟུར་གསུམ་ཁུལ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་བཅས་ནི་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་འབྱུང་ཁུངས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་ཚོགས་འདུར“པེ་ཅིང(པེ་ཅིང་དང་། ཐེན་ཅིང་། ཧོ་པེ)དང་། ཧྲང་ཧའེ(འབྲི་ཆུའི་ཟུར་གསུམ་ཁུལ)གཡོད་ཀང་ཨའོ་ཁུག་ཆེན་ཁུལ་བཅས་ཀྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ”བཀོད་སྒྲིག་བྱས་པ་ནི་དེའི་ཚན་ཞིབ་སྟོབས་ཤུགས་ཆེན་པོ་དང་གསར་གཏོད་རྒྱུ་རྐྱེན་གཅིག་སྡུད་ཀྱི་ལེགས་ཆ་འདོན་སྤེལ་དེ་བས་ཡག་པོ་བྱས་ཏེ། གསར་གཏོད་ཀྱིས་དེང་རབས་ཅན་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་ཚད་ཤིང་གཏོད་རྒྱུ་དེ་རེད། “འདི་ནི་ལས་འགན་གལ་ཆེན་ཞིག་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་ཡོད།
(སྤེན་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)