འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་དོན། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རླངས་འཁོར་ཐོན་ཚོང་བྱེད་ཚད་ཁྲི་3123.1དང་ཁྲི་3112.7སོ་སོར་ཟིན་པ་དེ་དུས་མཚུངས་ལས་11.9%དང་11.4%སོ་སོར་འཕར་ཡོད་པ་རེད།
ཟླ་བཅུ་གཅིག་པར། རླངས་འཁོར་ཐོན་ཚོང་བྱེད་ཚད་ཁྲི་353.2དང་ཁྲི་342.9སོ་སོར་ཟིན་པ་དེ་ཟླ་བ་གོང་མ་ལས་5.1%དང་3.2%ཁག་སོ་སོར་འཕར་བ་དང་དུས་མཚུངས་ལས་2.8%དང་3.4%སོ་སོར་འཕར་ཡོད། ཟླ་རེའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་350ལས་ཐོག་མར་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
ནུས་རྒྱུ་གསར་པའི་རླངས་འཁོར་རྒྱུན་མཐུད་དང་མགྱོགས་མྱུར་མང་དུ་ཕྱིན་ཞིང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚོང་བྱེད་ཚད་ཁྲི་1490.7དང་ཁྲི་1478ཁག་སོ་སོར་ཟིན་པ་དེ་དུས་མཚུངས་ལས་31.4%དང་31.2%སོ་སོར་འཕར་ཡོད་པ་རེད།
ཕྱིར་གཏོང་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར། རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི་634.3ཟིན་པ་དེ་དུས་མཚུངས་ལས་18.7%འཕར་བ་དང་། དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི་231.5ཟིན་པ་དེ་དུས་མཚུངས་ལས་ལྡབ་1འཕར་ཡོད་པ་རེད།
(ཚེ་དབང་ལྷ་མོས་བསྒྱུར། པ་ཚེ་དང་ཚེ་ལྷས་ཞུས)