ཞིང་འཕྲུལ་གྱི་ལྷུ་ལག་གང་མགྱོགས་བསྒྲིགས་ནས་དཔྱིད་རྨོད་དཔྱིད་གྲབས་ལ་འགན་སྲུང་བྱེད་པ་དང་། གྲུ་གཟིངས་མང་པོ་མཉམ་དུ་བཟོ་བ། གྱོན་ཆས་བཟོས་ནས་ཕྱི་རྒྱལ་དུ་འཚོང་བ་ལ་སོགས། ལོ་མཇུག་གི་མཚམས་འདིར། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱིས་དུས་ཚོད་དམ་འཛིན་གྱིས་མངགས་ཐོའི་ཐོན་རྫས་ཚ་ཚ་འུར་འུར་ངང་བཟོས་ནས། ལོ་འཁོར་མོའི་དམིགས་ཚད་ལེགས་སྒྲུབ་ཧུར་ཐག་བྱེད་བཞིན་ཡོད་པ་རེད། འདི་ནི་ཁྲུང་ཆིང་མཐོ་གསར་ཁུལ་གྱི་ཁྲུང་ཆིང་ཤིན་ཡོན་ཞིང་འཕྲུལ་མ་རྐང་ཚད་ཡོད་ཀུང་སིའི་འཁོར་ཁང་ནང་བཟོ་པས་ཞིང་འཕྲུལ་གྱི་ལྷུ་ལག་སྒྲིག་བཞིན་པ།