“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་གཞོན་ནུའི་གྲོང་གསེབ་དར་རྒྱས་འཆར་གཞིའི”དུས་མཚམས་དང་པོའི་གསོ་སྦྱོང་ཉེ་ཆར་པེ་ཅིང་དུ་འགོ་ཚུགས་ཤིང་། ལོ་སི་དང་། ཁེན་ནི་ཡ། ཐན་ཙན་ནི་ཡ་སོགས་རྒྱལ་ཁབ་ཀྱི་སློབ་མ་42ཞུགས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་གོའི་དེང་རབས་ཞིང་ལས་ལག་རྩལ་དང་། ཚན་རྩལ་གསར་གཏོད། གྲོང་གསེབ་ཞིང་ལས་རིག་གནས་ཡུལ་སྐོར་ཐོན་ལས་གསར་སྤེལ་སོགས་ཀྱི་ནང་དོན་སློབ་སྦྱོང་བྱ་རྒྱུ་དེ་རེད། རྣམ་གྲངས་དེ་ཀྲུང་གོ་ཞིང་ལས་སློབ་ཆེན་དང་ཐེང་ཤུན་གྱི“གྲོང་གསེབ་དར་རྒྱས་ཆེད་དུ”ཞེས་པས་མཉམ་དུ་སྤེལ་བ་ཞིག་རེད། འདི་ནི་ཡུན་ནན་ཞིང་ཆེན་ཚ་ཁུལ་སྐྱེ་དངོས་ཚན་རིག་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིང་ལས་ལག་རྩལ་པ་ལུང་ཅི་མིང(གཡས་ཀྱི་དང་པོ)གིས་སློབ་མ་ཚོར་རྩི་ཤིང་འདེབས་འཛུགས་ལག་རྩལ་སློབ་བཞིན་པ།