《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

བརྗིད་ཆགས་ཡིད་དུ་འོང་བའི་བོད་ལྗོངས་དཔའ་ཤོད་ལ་སྒོ་འཁྱགས་རོམ་གྱི་དགུན་ཁའི་མཛེས་ལྗོངས།

ཉེ་ཆར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་ལ་སྒོ་འཁྱགས་རོམ་དུ་དགུན་དུས་མཛེས་ལྗོངས་ལ་ལྟ་བའི་ནམ་དུས་ཡག་ཤོས་ཤར་བས། གནས་དེའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད། ལ་སྒོ་འཁྱགས་རོམ་དེ་ཤེལ་ལྟར་དྭངས་བས། གངས་རི་དང་། དམངས་སྲོལ་སྡོད་ཁང་། མཚོ། ཞོགས་པའི་མཚམས་སྤྲིན་བཅས་དང་གཅིག་ལ་གཅིག་འགྲན་གྱིས་རྒྱ་མཚོའི་འཁྱགས་རོམ་ལྟ་བུའི་བརྗིད་ཆགས་ཡིད་དུ་འོང་བའི་ཡུལ་ལྗོངས་ཉམས་དགའ་ལྷུན་སྡུག་ཅིག་གྲུབ་ཡོད། འཛམ་གླིང་གི་འཁྱགས་རོམ་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པའི་ལ་སྒོ་འཁྱགས་རོམ་དེ་དགུན་གྱི་དུས་སུ་དབེན་ཞིང་འཇམ་པས་ཡུལ་སྐོར་བ་བོད་དུ་རང་བྱུང་མཛེས་ལྗོངས་ལ་རོལ་སའི་གནས་ཡག་ཤོས་སུ་གྱུར་ཡོད།