《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

ཟླ་དང་པོ་ནས་བཅུ་པའི་བར་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་2.95བཏང་བ།

ཟླ་དང་པོ་ནས་བཅུ་པའི་བར། འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་2.95བཏང་བའི་ནང་། གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་ལ་ཁག་སོ་སོར་མ་དངུལ་སྒོར་དུང་ཕྱུར་ཁྲི་2.01དང་སྒོར་དུང་ཕྱུར་1761བཏང་ཡོད་པ་རེད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་བཅུ་པའི་བར། འགྲིམ་འགྲུལ་གྱི་གཙོ་གནད་ལས་གྲྭ་ཁག་གཅིག་གི་སྐུལ་ཁྲིད་འོག འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཤུགས་ཆེན་པོ་རྒྱུན་འཁྱོངས་ཐུབ་ནས། འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་2.95བཏང་བའི་ནང་། གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་ལ་ཁག་སོ་སོར་མ་དངུལ་སྒོར་དུང་ཕྱུར་ཁྲི་2.01དང་སྒོར་དུང་ཕྱུར་1761བཏང་ཡོད་པ་རེད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ད་ལོ་ཚུན་དུ་རང་རྒྱལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆར་བརྟན་པོ་ཡོད་པ་དང་དམིགས་ཚད་གཙོ་བོ་ཁག་ཚང་མ་འཕར་ཡོད།

དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་བརྟན་པོ་འཕར་ཞིང་། ཟླ་བ་དང་པོ་ནས་བཅུ་པའི་བར་ཚོང་གཉེར་རང་བཞིན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་482.9ཟིན་པ་དེ་དུས་མཚུངས་ལས་3.5%འཕར་བ་དང་། དེའི་ནང་གཞུང་ལམ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་356.2ཟིན་པ་དེ་དུས་མཚུངས་ལས་3.6%འཕར་བ། ཆུ་ཐོག་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་82.9ཟིན་པ་དེ་དུས་མཚུངས་ལས་3.5%འཕར་ཡོད།

གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད་རྒྱུན་མཐུད་འཕར་ཞིང་། ཟླ་བ་དང་པོ་ནས་བཅུ་པའི་བར་གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་151.3ཟིན་པ་དེ་དུས་མཚུངས་ལས་4.3%འཕར་བ་དང་། དེའི་ཁྲོད་ནང་དང་ཕྱི་ཕྱོགས་ཀྱི་ཚོང་དོན་འདོན་འཇུག་བྱེད་ཚད་དུས་མཚུངས་ལས་4.6%དང་3.7%སོ་སོར་འཕར་བ། ཚད་ལྡན་དོས་སྒམ་འདོན་འཇུག་བྱེད་ཚད་དུང་ཕྱུར་2.9ཟིན་པ་དེ་དུས་མཚུངས་ལས་6.4%འཕར་ཡོད།

ཟླ་བ་དང་པོ་ནས་བཅུ་པའི་བར་ཁུལ་ཁོངས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར་568.8ཟིན་པ་དེ་དུས་མཚུངས་ལས་3.6%འཕར་བ་དང་། ཟླ་བ་བཅུ་པ་ཁོ་ནར་ཁུལ་ཁོངས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར་62.8ཟིན་པ་དེ་དུས་མཚུངས་ལས་7.7%འཕར་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། ལྷག་ཚེས་ཞུས)