འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་1ཉིན་ནས་བཟུང་། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཕྲུ་གུ་དམར་འབྱར་གྱི་འོ་མའི་ཐོན་རྫས་ཀྱི་སྦྱོར་རྟ་དང་འབྲེལ་བའི་ཁེ་ལས་ཀྱི་ཐོ་འགོད་འདུན་ཞུ་དངོས་སུ་བདག་སྤྲོད་བྱས་པ་རེད། ཕྲུ་གུ་དམར་འབྱར་གྱི་འོ་མའི་ཐོན་རྫས་ཀྱི་སྦྱོར་རྟའི་ཐོ་འགོད་རེ་ཞུ་བདག་སྤྲོད་དང་། ལག་རྩལ་ཞིབ་དཔྱད། ས་ཡུལ་དངོས་ཀྱི་ཞིབ་བཤེར་སོགས་ཀྱི་གོ་རིམ་དང་བླང་བྱ་ནི་ཕྲུ་གུ་དམར་འབྱར་གྱི་འོ་རྩམ་ཐོན་རྫས་ཀྱི་སྦྱོར་རྟའི་ཐོ་འགོད་དང་སྤྱིའི་ཆ་ནས་གཅིག་པ་ཡིན་པ་རེད།
གསར་དུ་བཟོ་བཅོས་བརྒྱབ་པའི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཟླ་12ཚེས་1ཉིན་ནས་ལག་བསྟར་བྱས་ཏེ་ཕྲུ་གུ་དམར་འབྱར་གྱི་སྡེབ་སྦྱོར་འོ་མ་དེ་ཉིད་ཐོ་འགོད་དོ་དམ་ནང་བཅུག་པ་རེད། དེ་དང་དུས་མཉམ་དུ་ལག་ལེན་བསྟར་བའི་གྲས་སུ་ད་དུང་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲཌ་བྱས་པའི《ཕྲུ་གུ་དམར་འབྱར་གྱི་འོ་རྩམ་གྱི་སྦྱོར་རྟའི་ཐོ་འགོད་དོ་དམ་བྱ་ཐབས》དང་དེ་བཞིན་གསར་དུ་བཟོས་པའི་ལག་རྩལ་ཡིག་ཆ《ཕྲུ་གུ་དམར་འབྱར་གྱི་འོ་མའི་ཐོན་རྫས་ཀྱི་སྦྱོར་རྟའི་ཐོ་འགོད་འདུན་ཞུའི་དཔྱད་གཞིའི་རྣམ་གྲངས་དང་བླང་བྱ》ཡོད་པ་རེད།
ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་ཟས་རིགས་ཞིབ་དཔྱད་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “ཕྲུ་གུ་དམར་འབྱར་གྱི་སྡེབ་སྦྱོར་འོ་མར་ཆུ་མང་བ་དང་འཚོ་བཅུད་མང་པོ་ལྡན་པའི་ཁྱད་ཆོས་ལ་གཞིགས་ནས་ཐོག་མའི་ཟུར་སྦྱོར་དངོས་རྫས་ཀྱི་སྐྱེ་དངོས་ཕྲ་རབ་དང་ཐོན་རྫས་ཀྱི་ངོ་བོ་བརྟན་པོ་ཚོད་འཛིན་ཐུབ་ཚད་སོགས་ཀྱི་ཐད། ལྟ་འདོམས་སྡེ་ཚན་གྱིས་ཕྲུ་གུ་དམར་འབྱར་གྱི་སྡེབ་སྦྱོར་འོ་རྩམ་ལས་དེ་བས་ནན་པའི་ལག་རྩལ་གྱི་བླང་བྱ་བཏོན་ཡོད” གཅིག་ནས་འོ་མའི་ནང་གི་རྒྱུ་ཆ་ཕལ་པའི་སྐྱེ་དངོས་ཕྲ་རབ་ཀྱི་ཉེན་ཁ་ཚོད་འཛིན་ལ་བླང་བྱ་བཏོན་ཡོད་པ་དང་། གཉིས་ནས་ཐོན་རྫས་དང་ཐད་ཀར་བསྲེ་བའི་ཐོན་སྐྱེད་ཆུ་གཙང་གསིང་བརྒྱུད་མ་མཐར་ཡང་དྭངས་གཙང་འཐུང་ཆུའི་ཚད་གཞིར་སླེབས་པར་བྱེད་དགོས་པ། གསུམ་ནས་ཐོན་རྫས་མ་ལག་བརྟན་པོ་ཡོང་བའི་ནང་འདོམས་གདེང་འཇོག་ཚད་གཞི་དང་། གདེང་འཇོག་དམིགས་ཚད། དེ་མཚུངས་ཀྱི་ཞིབ་དཔྱད་ཚད་ལེན་བྱ་ཐབས་སོགས་བཟོ་དགོས་པའི་བླང་བྱ་བཏོན་པ། བཞི་ནས་ཕྲུ་གུ་དམར་འབྱར་གྱི་སྡེབ་སྦྱོར་འོ་མ་འབུ་ཕྲ་མེད་པར་ལྕགས་ཀྲིན་་ནང་བླུག་པ་དང་ཕྱིས་ཀྱི་སྲིན་གསོད་བཟོ་རྩལ་གྱི་གདམ་ག་དང་དེ་བཞིན་སྲིན་གསོད་ཕན་འབྲས་ར་སྤྲོད་ལ་ཞིབ་ཕྲའི་བླང་བྱ་བཏོན་པ། ལྔ་ནས་ཐོན་རྫས་ཀྱི་འདེབས་སུ་ཁ་ཕྱེ་རྗེས་དུས་ཐོག་ཏུ་འཐུང་དགོས་པ་སོགས་ཀྱི་དྲན་སྐུལ་ཆ་འཕྲིན་འགོད་དགོས་པའི་བླང་བྱ་བཏོན་པ་བཅས་རེད།
(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཕུར་སྒྲོན་དང་ཚེ་སྒྲོལ་གྱིས་ཞུས)