《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

བོད་ཀྱི་རྫོང་74ཚང་མར་ཁྲིམས་རྩོད་པའི་ལས་དོན་ཁང་ཡོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་བོད་ཀྱི“ཁྲིམས་རྩོད་པའི་ལས་དོན་ཁང་མེད་པའི་མཐའ་མའི་རྫོང”ཁག་18དུ་ཁྲིམས་རྩོད་པའི་ལས་དོན་ཁང་གསར་དུ་བཙུགས་ནས་གཅིག་སྡུད་ཐོག་ལག་ཁྱེར་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱིས“ཁྲིམས་རྩོད་པའི་ལས་དོན་ཁང་མེད་པའི་རྫོང”གི་ལོ་རྒྱུས་མཇུག་བསྒྲིལ་ཏེ། བོད་ཀྱི་རྫོང་74ཚང་མར་ཁྲིམས་རྩོད་པའི་ལས་དོན་ཁང་བཙུགས་པ་མཚོན་ཡོད།

ལག་ཁྱེར་སྤྲོད་པའི་མཛད་སྒོའི་ཐོག བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་རྫོང་18དུ་ཁྲིམས་རྩོད་པའི་ལས་དོན་ཁང་འཛུགས་ཆོག་པའི་ཆོག་མཆན་སྒྲོག་སྦྱངས་བྱས་པ་དང་འབྲེལ། གསར་དུ་བཙུགས་པའི་ཁྲིམས་རྩོད་པའི་ལས་དོན་ཁང་དག་ལ《ཁྲིམས་རྩོད་པའི་ལས་དོན་ཁང་གི་ལས་གཉེར་འཁྲོལ་འཛིན》ཡང་སྤྲད་པ་རེད། གསར་དུ་བཙུགས་པའི་ཁྲིམས་རྩོད་པའི་ལས་དོན་ཁང་དང་དེ་དག་གནས་སའི་ས་ཁུལ(གྲོང་ཁྱེར)ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱི་འཐུས་མིས་གཏམ་བཤད་བྱས་པ་རེད།