འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་བཅུ་པར་རང་རྒྱལ་གྱི་བུན་ལོར་ཁྲོམ་རས་རིགས་ཁག་གི་བུན་ལོར་སྒོར་དུང་ཕྱུར་63574.6བཀྲམ་པའི་ནང་། རྒྱལ་བུན་སྒོར་དུང་ཕྱུར་11695.5དང་། ས་གནས་སྲིད་གཞུང་གི་བུན་ལོར་སྒོར་དུང་ཕྱུར་5604.7 དངུལ་རྩའི་བུན་ལོར་སྒོར་དུང་ཕྱུར་8010.8 ཀུང་སིའི་ཡིད་རྟོན་རིགས་ཀྱི་བུན་ལོར་སྒོར་དུང་ཕྱུར་11836.2 ཡིད་རྟོན་དངུལ་བུན་མ་དངུལ་གྱིས་རྒྱབ་སྐྱོར་བྱས་པའི་འཛིན་ལོར་སྒོར་དུང་ཕྱུར་343.4 ལས་རིགས་གཅིག་པའི་ཉར་འཛིན་སྒོར་དུང་ཕྱུར་25649.0བཅས་བཀྲམ་ཡོད་པ་རེད།