《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

ཤར་གཏོང་བྱས་ནས་ལོ་4སོང་རིང་།

ཀྲུང་གོ་དང་ལོ་སི་དབར་གྱི་ལྕགས་ལམ་བརྒྱུད་འགྲུལ་པ་མི་ཐེངས་ཁྲི་6250ལྷག་ཙམ་སྐྱེལ་འདྲེན་བྱས་པ།

གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ཟླ་12ཚེས་2ཉིན་བར། ཀྲུང་གོ་དང་ལོ་སི་དབར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་4འཁོར་བ་དང་། དེའི་རིང་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་6250ལྷག་ཙམ་དང་དངོས་ཟོག་ཏུན་ཁྲི་7250ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད་པ་རེད། འདི་ནི་ཀྲུང་གོ་དང་ལོ་སི་དབར་གྱི་ལྕགས་ལམ་ཐོག་སྐྱོད་བཞིན་པའི“ལན་ཚང་རྟགས་ཅན”གྱི་མེ་འཁོར་ཡིན་པ། (ནཱ་ཅན་པོ་ཡིས་པར་བརྒྱབ)