2025ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། “ཧོ་ནན་གྱི་མི་འབོར་གྱི་གྲངས་ཚད་དང་། མི་འབོར་འདུས་ཚད། མི་སྣ་འགྲོ་སྐྱོད་བྱེད་ཚད་བཅས་ཚང་མ་ཅུང་མང་པོ་ཡོད་པ་དང་། སྤྱི་ཚོགས་ཀྱི་གནད་དོན་རྙོག་འཛིང་ཆེ་ཞིང་སྣ་ཁ་མང་བས། ངེས་པར་དུ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས”
ཐེམ་ཁོངས་ཧོ་ནན་གྱི་མི་འབོར་དུང་ཕྱུར་1ལྷག་ཙམ་ཟིན་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལས་དོན་གང་ཞིག་ཡིན་རུང་མི་འབོར་དུང་ཕྱུར་1ལྷག་ཙམ་ལ་ཞབས་འདེགས་ཞུ་དགོས་སྟབས། ཚང་མ་ལས་སླ་པོ་དང་དོན་ཆུང་ཞིག་མ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཧོ་ནན་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་ལས་དོན་ལ་ཁྲིད་སྟོན་དང་། དྲ་མིག་དབྱེ་ནས་འགན་འཁྲི་གཏན་འཁེལ་བྱེད་པ། གྲངས་གཞི་ཆེན་པོས་འདེགས་སྐྱོར་བྱེད་པ། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱས་ཏེ། ནུས་ཕྱོད་ཆེ་བའི་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།
ཏང་འཛུཌ་སྐྱོང་གིས་ཁྲིད་སྟོན་བྱས་ནས་སྤྱི་ཚོཌ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ།
མི་རིང་བའི་གོང་། ལུའོ་ཧོ་གྲོང་ཁྱེར་ལིན་དབྱིན་རྫོང་ཝང་ཀང་གྲོང་རྡལ་ལུའི་ཀྲོང་གྲོང་ཚོའི་ལས་བྱེད་པ་ཀྲང་ཡུན་ཧྥུང་གིས་དྲ་མིག་ནང་འདྲི་རྩད་བྱེད་སྐབས། ཡུལ་མི་དུད་ཚང་གཉིས་ས་ཞིང་གི་ས་མཚམས་ཐད་རྩོད་པ་ཤོར་ནས་སེམས་མི་བདེ་བར་གྱུར་པ་ཤེས་རྟོགས་བྱུང་ཞིང་། ཁོང་གིས་ཁ་ཏ་སློབ་སྟོན་བྱེད་ཞོར་དུ་གྲོང་ཚོའི་ཉེན་རྟོག་པ་སྐད་བཏང་ནས་སྒྲིག་ལམ་བརྟན་པོ་ཡོང་ཐབས་བྱས་པ་དང་སྦྲགས། གྲོང་རྡལ་རང་བྱུང་ཐོན་ཁུངས་སུའོ་ཡི་ལས་དོན་པ་དང་མཐུན་སྦྱོར་བྱས་ཏེ་ཐག་གཅོད་གནད་ལ་འཁེལ་པོ་བྱས་ཡོད། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྡུད་བྱས་པས་ཕྱོགས་གཉིས་པོའི་འགལ་བ་མགྱོགས་མྱུར་སེལ་ཐུབ་ཡོད་པ་རེད།
ཀྲང་ཡུན་ཧྥུང་གིས“དེ་སྔ་གཞི་རིམ་དུ་མི་ཉུང་བའི་ཁར་དོན་དག་མང་བས་ང་ཚོ‘ཁ་ཏ་བྱེད་མཁན’མི་བྱེད་ཀ་མེད་རེད། ད་ཆ། ཤང་གྲོང(ཁྲོམ་གཞུང)གི་འགན་སྒྲུབ་དོན་དག་གསལ་ཐོ་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གི་འགན་འཁྲི་གཙོ་བོར་དམིགས་ཏེ། གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པའི་ཁུར་པོ་ཡང་དུ་བཏང་བ་དང་དུས་མཚུངས། གྲོང་གསེབ་ཀྱི་ལས་རོགས་པ་དང་། གྲོང་ཚོའི་ཉེན་རྟོག་པ། དྲ་མིག་པ་སོགས་ཀྱི་རོགས་རམ་འོག ང་ཚོ‘ཁ་ཏ་བྱེད་མཁན’ནས‘མདུན་སའི་ཐག་གཅོད་བྱེད་མཁན’དུ་གྱུར་ཏེ། རང་འགུལ་ངང་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་ཀྱི་ཡོད”ཅེས་བརྗོད།
ཧོ་ནན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དྲ་མིག་དང་ཆེད་གཏོགས་དྲ་མིག་ཁྲི་33.9ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིང་། དྲ་མིག་ཏུ་ཀྲི་པུའུ་བཙུགས་ནས། ཏང་ཡོན་རྐང་འཛིན་པ་ལེགས་འདེམས་ཀྱིས་དྲ་མིག་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་དུ་བཅུག་པ་དང་། དྲ་མིག་ནང་གི་ཏང་ཡོན་རྣམས་དྲ་མིག་ཏང་ཀྲི་པུའི་དོ་དམ་བྱེད་ཁོངས་སུ་བཅུག་སྟེ། གཞི་རིམ་བཅོས་སྐྱོང་ཐད་ཏང་རྩ་འཛུགས་ཀྱི་ལྟེ་བའི་ནུས་པ་དེ་བས་ཡག་པ་འདོན་ཐུབ་པར་བྱས་ཡོད་པ་རེད།
ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག ཧོ་ནན་གྱི་ཏང་ཡོན་ཁྲི་340ལྷག་ཙམ་དྲ་མིག་ཏུ་ཞུགས་ནས་མངོན་མེད་རྐྱེན་ངན་འཚོལ་བ་དང་། ཁུངས་སྣེ་སྙན་སེང་ཞུ་བ། ཞབས་འདེགས་ཞུ་བ་བཅས་ཀྱི་ལས་དོན་སྤེལ་ཡོད། ད་ལོ་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་དྲ་མིག་ལ་བརྟེན་ནས་ཁུངས་སྣེ་སྣ་ཚོགས་ཁྲི་70ལྷག་ཙམ་འཚོལ་བསྡུ་བྱས་ཏེ། འགལ་ཟླ་ཁག་ཁྲི་49ལྷག་ཙམ་གྲལ་བཤེར་བྱས་ནས་བསལ་ཡོད་པ་རེད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཚན་རྩལ་གྱི་མཐུན་རྐྱེན་སྦྱར་ནས་སྤྱི་ཚོཌ་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་བཏང་བ།
“དྲག་ཆར་འབབ་ཉེར་ཡོད་ཀྱང་། ལུའུ་ཧྲན་རྫོང་ཞུའེ་ཀྲའེ་གྲོང་ཚོའི་ཆུ་མཛོད་འགྲམ་དུ་ཉ་འཛིན་མཁན་ཡོད་པས་འཕྲལ་དུ་ཐག་གཅོད་བྱེད་རོགས”ཞེས་མི་རིང་བའི་གོང་ཕིང་ཏིན་ཧྲན་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གཞི་གཅིག་ཅན་ལས་སྟེགས་ཀྱིས་གནམ་གཤིས་སྔོན་བརྡ་དང་ཆུ་མཛོད་ཀྱི་རིག་ལྡན་ལྟ་ཞིབ་མ་ལག་སོགས་ཀྱི་ཆ་འཕྲིན་དང་ཟུང་འབྲེལ་བྱས་ནས་རང་འགུལ་ངང་ཉེན་བརྡ་བཏང་ཞིང་། གང་མགྱོགས་གྲོང་ཚོའི་དྲ་མིག་པ་ལི་ཧོ་ཡི་ལག་ཐོགས་ཁ་པར་དུ་ཉེན་བརྡའི་ཆ་འཕྲིན་འབྱོར་བ་དང་། ལི་ཧོ་ཡིས་ལམ་སེང་ཆུ་མཛོད་འགྲམ་དུ་བསྐྱོད་དེ་ཉ་འཛིན་མཁན་ལ་དེ་ནས་ལམ་སེང་ཁ་བྲལ་དགོས་པའི་ཁ་ཏ་བསླབ་བྱ་བྱས་ཡོད་པ་རེད།
“དེ་སྔ་མི་ཐབས་སྐོར་ཞིབ་ལ་བརྟེན་དགོས་པས་དུས་ཐོག་ཏུ་ཤེས་རྟོཌ་མི་ཐུབ་པ་མ་ཟད། དུས་ཚོད་རིང་པོ་འགོར་གྱི་ཡོད། ད་ཆ་རིག་ལྡན་ལྟ་ཞིབ་མ་ལག་ཡོད་པས། སྐར་མ་15རེར་རང་འགུལ་སྐོར་ཞིབ་ཐེངས་རེ་བྱེད་ཐུབ་ཀྱི་ཡོད། གལ་ཏེ་སྒྲིག་འགལ་གྱི་བྱེད་སྤྱོད་ཤེས་རྟོགས་ཐུབ་ཚེ་ལམ་སེང་རིག་ནུས་སྔོན་བརྡ་བཏང་བས་ཐག་གཅོད་ཀྱི་ལས་ཆོད་ཆེ་རུ་ཤུཌ་ཆེན་ཕྱིན་ཡོད”ཅེས་ལི་ཧོ་ཡིས་བརྗོད་པ་རེད།
མི་ཐབས་རིག་ནུས་ཀྱིས་དབྱེ་འབྱེད་དང་རང་འགུལ་ངང་མངགས་པ་ནས་ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་པ་དང་པར་ལེན་ནས་ཚུར་ལན་སྤྲོད་པ་སོགས། ཕིང་ཏིན་ཧྲན་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གཞི་གཅིག་ཅན་གྱི་ལས་སྟེགས་མ་ལག་འཁོར་སྐྱོད་བྱས་ཚུན། གྲོང་ཁྱེར་ཡོངས་སུ་དྲག་ཆར་འབབ་རིང་ཆུ་མཛོད་དུ་སྒྲིག་འགལ་ངང་ཉ་འཛིན་པའི་གནས་ཚུལ་ཟླ་རེར་ཐེངས་8ཐོན་པ་ནས་ད་ཆ་གཅིག་རྐྱང་ཐོན་མྱོང་མེད།
“གྲངས་འཛིན་བཅོས་སྐྱོང”ལ་བརྟེན་ནས་སྐྱོང་མཁས་ལ་སྐུལ་འདེད་བཏང་ཞིང་། ཧོ་ནན་དུ་གྲོང་ཁྱེར་རིམ་པའི་གཞི་རིམ་བཅོས་སྐྱོང་ལས་སྟེགས་12འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྲིད་དོན་གྲངས་གཞི་ཆེན་པོ་དང“དྲ་སྦྲེལ་དང་ལྟ་འདོམས་ཟུང་འབྲེལ”སོགས་ལས་སྟེགས་ཚང་མ་བེད་སྤྱོད་ཐུབ་ཡོད། ཧོ་ནན་ཞིང་ཨུད་རྩ་འཛུཌ་པུའི་ཏང་འཛུཌ་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་དོན་ཁྲུའི་ཁྲུའུ་ཀྲང་དབྱང་ཡན་ཁྲུང་གིས་ངོ་སྤྲོད་བྱས་དོན། ལས་སྟེགས་སུ་སྲིད་དོན་ཞབས་ཞུའི“དྲ་གཅིག་ཀུན་སྒྲུབ”དང་། སྡེ་ཚན་མཉམ་འགུལ། “དྲ་གཅིག་མཉམ་སྒྲུབ” གཞི་རིམ་བཅོས་སྐྱོང“དྲ་གཅིག་ཤར་གཏོང”བཅས་ཐུབ་ཡོད། འདི་ལོ་ཚུན“ལས་ཕྱོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི”སྒྱུར་བཅོས་ཁོ་ན་ལས་རིམ་པ་ཁག་དང་རིགས་ཁག་གི་མ་ལག་180ཡི་འགག་གནད་བཤངས་པས། ཁེ་ལས་དང་མང་ཚོགས་དུང་ཕྱུར་4.8(ཐེངས)ཀྱིས་དོན་དག་སྒྲུབ་པར་ཕན་པ་ཐོབ་ཡོད་པ་རེད།
ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་བཏང་ཞིང་། འདི་ལོའི་དུས་ཚིཌ་དང་པོ་ནས་གསུམ་པའི་བར། ཧོ་ནན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་བརྒྱ་ཆ་5.6%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་0.4ལས་མཐོ་བ་ཡོད། འདི་ལོ་ཚུན་དུ་ཧོ་ནན་གྱི་རིམ་པ་ཁག་གིས་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཁག་ཁྲི་13.8གྲལ་བཤེར་དང་དག་ཐེར་བྱས་པས། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཐོན་ཚད་33.9%ཉུང་དུ་ཕྱིན་ཡོད་པ་རེད།
“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ། ང་ཚོས་འབད་འབུངས་མདུན་སྐྱོད་དང་སྙིང་རུས་གཏན་འཁྱོངས་བྱས་ནས་ནུས་ཆེའི་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་གི་ཡིན”ཞེས་ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཉིང་གིས་བརྗོད་པ་རེད། (པ་ཚེ་དང་ཚེ་ལྷས་སྒྱུར་ཞུས་བྱས)