ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་གཡོད་ཧན་ནེ་སི་པའོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཨང་དང་པོ། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཧོང་ཞའོ་ཝེ་ཡིས་ཚོགས་པའི་སྣེ་ཁྲིད་དེ་ལྷོ་ཨ་ཧྥེ་རི་ཁར་འཚོགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བུད་མེད་དབང་ཐོབ་པུའུ་ཀྲང་རིམ་པའི་ཚོགས་འདུར་ཞུགས་ནས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་གཙོ་དོན་གཏམ་བཤད་ཀྱི་དགོངས་དོན་དྲིལ་བསྒྲགས་དང་ངོ་སྤྲོད་ཤུགས་ཆེན་བྱས་པ་མ་ཟད། གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་འཕེལ་རྒྱས་ལོ་རྒྱུས་ཐོག་གི་དབུ་ཚོགས་ཀྱི་ལམ་ཚད་རྡོ་རིང་གི་དོན་སྙིང་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བའི་ཐད་ཉམས་ལེན་འབད་སྒྲུབ་གནང་བའི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་ཁར། དུས་རབས་གསར་པའི་ཀྲུང་གོའི་བུད་མེད་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་འབྲེལ། ཀྲུང་གོས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་གཉེར་བ་དེ་ཚོགས་འདུའི་གྲུབ་འབྲས་ཡིག་ཆའི་ནང་འགོད་རྒྱུར་སྐུལ་འདེད་ཀྱང་བཏང་བ་རེད།
(པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ལྷས་ཞུས)