《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月05日

ཨེ་ཅིབ་རྟེན་མཛོད་ཁང་དངོས་སུ་སྒོ་ཕྱེ་བ།

འཛམ་གླིང་ཐོག་སྣ་གཅིག་ཤེས་དཔལ་གྱི་རྟེན་མཛོད་ཁང་ཆེ་ཤོས་ཡིན་པའི་ཨེ་ཅིབ་ཆེ་མོའི་རྟེན་མཛོད་ཁང་ཟླ་11ཚེས་1ཉིན་དངོས་སུ་སྒོ་ཕྱེ་ཡོད། རྒྱལ་ཁབ་ཁག་གི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། ས་ཁུལ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ཀྱིས་སྣེ་ཁྲིད་པའི་གཞུང་ཕྱོགས་ཀྱི་འཐུས་མི་ཚོགས་པ་བཅུ་གྲངས་ཀྱིས་དེ་དགོང་གི་སྒོ་འབྱེད་མཛད་སྒོར་ཞུགས་ཤིང་། འདི་ནི་ཟླ་11ཚེས་1ཉིན་ཨེ་ཅིབ་ཅི་ས་ནས་པར་བླངས་པའི་ཨེ་ཅིབ་ཆེ་མོའི་རྟེན་མཛོད་ཁང་གི་སྒོ་འབྱེད་མཛད་སྒོའི་ཐོག་ཤོག་སྦག་སྤོར་བའི་རྣམ་པ་ཡིན་པ།