བོད་ལྗོངས་རྣམ་གླིང་རྫོང་དུ་དར་ཁྱབ་བྱུང་བའི་ཤངས་པ་ལྷ་མོ་ནི་འབག་སྔོན་པོའི་ལྷ་མོའི་འཁྲབ་སྲོལ་དུ་གཏོགས་ཤིང་ལོ་རྒྱུས་ཡུན་རིང་ལྡན་ཡོད། 2006ལོར་བོད་ཀྱི་ལྷ་མོ་དེ་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་ནང་བཅུག་ཡོད།
ཉེ་བའི་ལོ་ཤས་རིང་། རྣམ་གླིང་རྫོང་གིས་དམངས་ཕན་འཁྲབ་སྟོན་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་བཏང་ནས། ཤེས་ལྡན་པའི་རྗེས་གྲབས་དཔུང་ཁག་གསོ་སྐྱོང་བྱས་ཏེ་ལྷ་མོའི་རྒྱུན་འཛིན་མ་ལག་བསྐྲུན་ཡོད། མིག་སྔར། རྫོང་དེ་ཡོངས་སུ་ཁྱོན་དམངས་ཁྲོད་ལྷ་མོའི་རུ་ཁག་29དང་ལྷ་མོ་འཁྲབ་མཁན་876ཡོད་པ་མ་ཟད། ད་དུང་ཆ་སྙོམས་ལོ་9ལ་སླེབས་པའི་བྱིས་པ་32ལས་གྲུབ་པའི་བྱིས་པའི་ལྷ་མོའི་རུ་ཁག་1ཡོད། ལྷ་མོའི་འཁྲབ་སྟོན་པ་མི་རབས་མང་པོས་འཁྲབ་སྟོན་ཐེངས་རེ་རེའི་ཁྲོད་རྒྱུན་འཛིན་དང་གསར་གཏོད་བྱས་ནས་གནའ་བོའི་ལྷ་མོའི་སྒྱུ་རྩལ་ལས་གཟི་བརྗིད་གསར་པ་རྒྱུན་ཆད་མེད་པར་འཕྲོ་བར་བྱས་ཡོད།