ཟླ་7ཚེས་1ཉིན། ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་ཅིན་ཐ་རྫོང་ནགས་ཚལ་དང་རྩྭ་ཐང་ལས་དོན་ལྟེ་གནས་སུ་མང་ཚོགས་ཀྱི་ཁ་པར་ཞིག་འབྱོར་ཞིང་། ཁ་པར་ནང་ཁོང་ཚོར་ཅིན་ཐ་རྫོང་ཧང་ཐན་གྲོང་རྡལ་གྱི་བྱང་རི་ཁུལ་ནས་བཞད་ནག་གི་བྱ་ཕྲུག་རྙེད་པ་དེ་དག་འཕྲལ་དུ་སྐྱོབ་རོགས་ཞུས། ལས་དོན་པ་ས་ཡུལ་དངོས་སུ་འབྱོར་རྗེས། བྱང་རིའི་གཡང་གཟར་ནས་བྱ་ཚང་ཞིག་རྙེད་པར་དེར་བཞད་ནག་གི་བྱ་ཕྲུག་3ཡོད་པ་རེད། རོགས་སྐྱོབ་པས་དེ་འཕྲལ་ཡར་བཏེགས་པའི་སྔོག་འཕྲུལ་གྱི་ལག་པའི་ནང་འཛུལ་ནས་བྱ་ཚང་ཡོད་སར་བསྐྱོད་དེ་བྱ་ཕྲུག་གསུམ་པོ་བདེ་འཇགས་ངང་བསྐྱབས་ཐུབ་ཡོད།
བཞད་ནག་ནི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་བྱ་རིགས་ཤིག་ཡིན་པ་དང་། བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། བྱ་ཕྲུག་གསུམ་པོར་རྨས་སྐྱོན་ཆེན་པོ་ཕོག་མེད་ནའང་ལུས་སྟོབས་ཞན་ཙམ་ཡོད་པ་རེད། མིག་སྔར། བཞད་ནག་གི་བྱ་ཕྲུག་གསུམ་པོ་ཅིའུ་ཆོན་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་སྲུང་ཉར་ལྟེ་གནས་སུ་བསྐྱལ་ཏེ་ཆེད་ལས་ཀྱི་ལྟ་སྐྱོང་བྱེད་དུ་བཅུག་པ་དང་། དྲག་སྐྱེད་ཡག་པོ་བྱུང་ནས་རང་རྐྱ་འཕེར་རྗེས། འཚོ་གནས་ལ་འཚམ་པའི་རང་བྱུང་ཁམས་སུ་གློད་རྒྱུ་རེད།
↑ འདི་ནི་ཅིན་ཐ་རྫོང་ནགས་ཚལ་དང་རྩྭ་ཐང་ལས་དོན་ལྟེ་གནས་ཀྱི་ལས་དོན་པས་བྱ་ཕྲུག་ལ་བརྟག་དཔྱད་བྱེད་བཞིན་པ།
→ འདི་ནི་རོགས་སྐྱོབ་པས་བྱ་ཕྲུག་སྐྱོབ་བཞིན་པ།