《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月06日

ཉིང་ཞའི་ཧེ་ཧྲན་རི་བོའི་གྲོག་རོང་གི་རྨ་ཆུའི་ཟམ་ཆེན་གྱི་ཟམ་སྣེ་མཐུད་པ།

འདི་ནི་ཧེ་ཧྲན་རི་བོའི་གྲོག་རོང་གི་རྨ་ཆུའི་ཟམ་ཆེན་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉིང་ཞ་ཀྲུང་ཝེ་གྲོང་ཁྱེར་ཧེ་ཧྲན་རི་བོའི་གྲོག་རོང་གི་རྨ་ཆུའི་ཟམ་ཆེན་ཚེས་3ཉིན་བདེ་བླག་ངང་ཟམ་སྣེ་མཐུད་ནས་ད་ལོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། དེ་ནི་ཉིང་ཞ་ཀྲུང་ཝེ་གྲོང་ཁྱེར་ཧྲ་ཕོ་ཐོའུ་ཁུལ་དུ་གནས་པ་དང་རྒྱལ་ལམ་338རྒྱུད་ཀྱི་ཀྲུང་ཝེ་ནས་མེང་ཅ་དབན་བར་གྱི་གཞུང་ལམ་རྣམ་གྲངས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དང་། ཟམ་ཆེན་གྱི་རིང་ཚད་ཧྲིལ་པོར་སྨི་1539དང་། བར་བརྒལ་གཙོ་བོར་སྨི་240ཟིན་པ་དང་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་80ལྟར་ཇུས་འགོད་བྱས་ཡོད།

རྣམ་གྲངས་བསྐྲུན་རྗེས་ནུབ་བྱང་ས་ཁོངས་ཀྱི་གཞུང་ལམ་དྲ་རྒྱ་སྔར་བས་འཐུས་ཚང་དུ་ཕྱིན་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་རེད།