ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཞིང་ཆེན་རོང་ཁྲེང་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་འགག་སྒྲོལ་གྱི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་པ་དང“མཚོ་ཐོག་སྐྱེལ་འདྲེན་གྱི་ཐད་སྐྱོད་གྲུ་གཟིངས་དང་། རྒྱལ་སྒྲོལ་དྲ་ཚོང་། ཕྱི་རྒྱལ་གྱི་མཛོད་ཁང་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་བཏང་བས། དྲ་ཚོང་དངོས་ཟོག་འབོར་ཆེན་ཧྲི་ཏའོ་གྲུ་ཁ་གསར་པ་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་ཡིད་དབང་བཀུག་ཡོད།
འདི་ནི་ཉེ་ཆར། ཧྲན་ཏུང་ཞིང་ཆེན་རོང་ཁྲེང་གྲོང་ཁྱེར་ཧྲི་ཏའོ་དོ་དམ་ཁུལ་གྱི་ཧྲི་ཏའོ་གྲུ་ཁ་གསར་པའི་འགག་སྒོར་ཕྱི་རྒྱལ་གྱི་འགྲུལ་ཟོག་སྐྱེལ་འདྲེན་གྲུ་གཟིངས་གཉིས་གྲུ་ཁར་ཞིབ་བཤེར་བྱས་རྗེས་རྒྱལ་སྒྲོལ་དྲ་ཚོང་གི་ནང་འདྲེན་དོས་སྒམ་གོ་རིམ་ལྡན་པའི་ངང་འབེབ་བཞིན་པ།