འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཞིང་ལས་ཚན་རིག་སྒོ་འབྱེད་ཉིན་མོ་སྐབས་བདུན་པ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཀྲུང་ཀོན་གྲོང་ཚོའི་གླིང་ཁུལ་དུ་འགོ་ཚུགས་པ་རེད། 2019ལོ་ནས་བཟུང་ཞིང་ལས་ཚན་རིག་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་ཚུན། རིམ་རྩིས་བརྒྱབ་ན། སྤྱི་དམངས་ཁྲི་4112ལྷག་ཙམ་དྲ་ཐོག་དང་དྲ་ཕྱི་བརྒྱུད་བྱེད་སྒོར་ཞུགས་རྒྱུའི་ཡིད་དབང་བཀུག་ནས། ཞིང་ལས་ཚན་རྩལ་ཤེས་བྱ་ཁྱབ་གདལ་གཏོང་བར་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བར་ཡང་རམ་འདེགས་ཐུབ་ཡོད།